- za byed rdo brgyad
- ID:
- T242329
- ཟ་བྱེད་རྡོ་བརྒྱད (Tibetan, Tibetan script, Original)
- > za byed rdo brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > zajé do gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་དངུལ་ཆུའི་དུག་རྣམས་ཟ་བར་བྱེད་པའི་ཆུ་སྐྱུར་རྡོ་དང་། ལྷང་ཚེར་དམར་པོ། གསེར་རྡོ། བ་བླ། ཁབ་ལེན། ཕ་བོང་ལོང་བུ། ལྡོང་རོས། དངུལ་རྡོ་བརྒྱད་ཀྱི་བསྡུས་མིང་སྟེ། སློབ་དཔོན་ཆེན་པོ་བྷ་ལི་པས་མཛད་པའི་དངུལ་ཆུ་གྲུབ་པའི་བསྟན་བཅོས་ལས། སྔོན་ཆད་སྐམ་པའི་ཆོ་གས་སྨན། དངུལ་ཆུ་ཡི་ནི་བཅུ་དྲུག་འགྱུར། བཏུལ་བའི་ལྕགས་རྣམས་གཞུག་པར་བྱ། ཐམས་ཅད་དངུལ་ཆུ་ཟ་བར་འགྱུར། ཞེས་གསུངས་པ་དང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་ལས། ཐབས་མཆོག་ལྕགས་ཀྱིས་སྲིད་པའི་འཕོ་བ་འཆིངས། ཡེ་ཤེས་ཁམས་ཀྱིས་ཀུན་ཉོན་དུག་རིགས་ཟ། ཞེས་དང་། འབིགས་བྱེད་དུག་ཀྱང་ཟ་ཞིང་འཆིངས་ནུས་ལ། ཞི་བྱེད་ཀུན་གྱི་ལོག་གནོན་ཁྱད་པར་ཅན། ཞེས་གསུངས་པ་ལྟར་གྱི་ཟ་བྱེད་རྡོ་དེ་ལ་ནང་གསེས་སུ་དབྱེ་ན་བརྒྱད་མཆིས་ཏེ། དངུལ་ཆུ་གྲུབ་པའི་བསྟན་བཅོས་ལས། ཆུ་སྐྱུར་རྡོ་དང་ལྷང་ཚེར་དམར། གསེར་རྡོ་བ་བླ་ཁབ་ལེན་དང་། ཕ་བོང་ལྡོང་རོས་དངུལ་རོད་རྣམས། ཞིབ་པར་བཏགས་ལ་དངུལ་ཆུར་བསྣན། ཞོ་ལྟར་བེར་རྒ་འཛིན་པར་འགྱུར། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan