Skip to main content Skip to search
zangs bzo
ID:
T242359
  • ཟངས་བཟོ (Tibetan, Tibetan script, Original)
    • > zangs bzo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zang zo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཟངས་བཞུ་བཏུལ་བྱས་ཏེ་བརྡུང་བ་དང་། ཚགས་རྒྱག་པ། ལུགས་སུ་བླུགས་པ། ཟངས་ཤོག་དང་ཟངས་ཕྱེ་བཟོ་བ་བཅས་ཀྱི་ལག་རྩལ་ལ་ཟེར། བོད་ཀྱི་ཟངས་བཟོའི་ལག་རྩལ་ནི་ད་ཡོད་ཀྱི་དཔྱད་གཞི་ཡིག་རིགས་འགའ་ཞིག་ནང་། སྤྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་ནས་རྒྱལ་པོ་ཕམ་སྟེ་བློན་པོ་ལོ་ངམ་གྱིས་བཀྲོངས་ཐོག་རྒྱལ་པོའི་སྤུར་ཟངས་ཀྱི་སྒམ་དུ་བཅུག་སྟེ་ལྕགས་གཟེར་བཏབ་ནས་ཉང་ཆུའི་ནང་བསྐྱུར་བ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་བློན་པོ་རིམ་པ་བཞི་པ་ལ་ཟངས་ཀྱི་བྱང་བུའི་ཡི་གེ་བྱ་དགར་གནང་བ། སྐུ་གཤེགས་ཁར་ཞལ་ཆེམས་བཞག་པ་རྣམས་ཟངས་ཀྱི་བྱང་བུའི་ཐོག་ཡི་གེར་བྲིས་ནས་བང་མཛོད་དུ་བཅུག་པ་དེ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གཟིགས་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་སོགས་བཤད་པ་དེས་སྔ་རབས་བོད་དང་མི་རིགས་གཞན་དག་བར་འབྲེལ་བ་མ་བྱུང་བའི་ལོ་ཆིག་སྟོང་ལྷག་གི་གོང་ནས་བོད་ཀྱི་མིས་ཟངས་བཟོའི་ལག་རྩལ་ཤེས་ཟིན་པར་ར་སྤྲོད་བྱེད་ཐུབ། དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ནང་བོད་ཀྱི་ཟངས་བཟོའི་ལག་རྩལ་ཆུ་ཚད་མཐོན་པོར་སླེབས་ཡོད་པ་མཚུར་ཕུ་དང་། གདན་ས་མཐིལ། འབྲི་གུང་། འབྲུག་ར་ལུང་། ཚལ་གུང་ཐང་བཅས་ཀྱི་དཀར་ཆག་ནང་བོད་རིགས་ཟངས་བཟོ་བ་འགའ་ཞིག་གི་མིང་འཁོད་འདུག་པ་དེ་དག་ཏུ་གཟིགས་ན་གསལ། གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས་བོད་ས་གནས་སུ་ཡོད་པའི་ཟངས་བཟོ་མཁས་པ་བལ་པོ་དང་བོད་རིགས་ཡོད་ཚད་བསྡུས་པའི་ནང་བོད་རིགས་ཟངས་བཟོ་བར་རིམ་པ་གསུམ་དུ་ཕྱེ་བའི་རིམ་པ་དང་པོ་དབུ་མཛད་ཆེ་བ(ལྷོ་པ་ལྷས་ནང་པ)མི་གཅིག རིམ་པ་གཉིས་པ་དབུ་ཆུང(ལྷོ་པ་རབ་བརྟན་སོགས)མི་གསུམ། རིམ་པ་གསུམ་པ་བྱིངས་དཀྱུས(བྱང་པ་ཁྲི་རིང་ངག་དབང་སོགས)མི་ཞེ་གཉིས་ཡོད་ཅིང་། བོད་ཀྱི་ཟངས་བཟོའི་ལག་རྩལ་སྐོར《གསེར་གདུང་ འཛམ་གླིང་རྒྱན་གཅིག་དཀར་ཆག》ནང་གསལ།

language:
Tibetan

2. Thupten Phuntsok Dictionary

ཟངས་བཞུག་བཏུལ་བྱས་ཏེ་བརྡུང་བ་དང་། ཚགས་རྒྱག་པ། ལུགས་སུ་བླུགས་པ། ཟངས་ཤོག་དང་ཟངས་ཕྱེ་བཟོ་བ་བཅས་ཀྱི་ལག་རྩལ་ལ་ཟེར། བོད་ཀྱི་ཟངས་བཟོའི་ལག་རྩལ་ནི་ད་ཡོད་ཀྱི་དཔྱད་གཞི་ཡིག་རིགས་འགའ་ཞིག་དང་། སྤྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་ནས་རྒྱལ་པོ་ཕམ་སྟེ་བློན་པོ་ལོ་ངམ་གྱིས་བཀྲོངས་ཐོག་རྒྱལ་པོའི་སྤུར་ཟངས་ཀྱི་སྒམ་དུ་བཅུག་སྟེ་ལྕགས་གཟེར་བཏབ་ནས་ཉང་ཆུའི་ནང་བསྐྱུར་བ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་བློན་པོ་རིམ་པ་བཞི་པ་ལ་ཟངས་ཀྱི་བྱང་བུའི་ཡི་གེ་བྱ་དགར་གནང་བ། སྐུ་གཤེགས་ཁར་ཞལ་ཆེམས་བཞག་པ་རྣམས་ཟངས་ཀྱི་བྱང་བུའི་ཐོག་ཡི་གེར་བྲིས་ནས་བང་མཛོད་དུ་བཅུག་པ་དེ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གཟིགས་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་སོགས་བཤད་པ་དེས་སྔ་རབས་བོད་དང་མི་རིགས་གཞན་དག་བར་འབྲེལ་བ་མ་བྱུང་བའི་ལོ་ཆིག་སྟོང་ལྷག་གི་གོང་ནས་བོད་ཀྱི་མིས་ཟངས་བཟོའི་ལག་རྩལ་ཤེས་ཟིན་པར་ར་སྤྲོད་བྱེད་ཐུབ། དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ནང་བོད་ཀྱི་ཟགས་བཟོའི་ལག་རྩལ་ཆུ་ཚད་མཐོན་པོར་སླེབས་ཡོད་པ་མཚུར་ཕུ་དང་། གདན་ས་མཐིལ། འབྲི་གུང་། འབྲུག་ར་ལུང་། ཚལ་གུང་ཐང་བཅས་ཀྱི་དཀར་ཆག་ནང་བོད་རིགས་ཟངས་བཟོ་བ་འགའ་ཞིག་གི་མིང་འཁོད་འདུག་པ་དེ་དག་ཏུ་གཟིགས་ན་གསལ། གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས་བོད་ས་གནས་སུ་ཡོད་པའི་ཟངས་བཟོ་མཁས་པ་བལ་པོ་དང་བོད་རིགས་ཡོད་ཚད་བསྡུས་པའི་ནང་བོད་རིགས་ཟངས་བཟོ་བར་རིམ་པ་གསུམ་དུ་ཕྱེ་བའི་རིམ་པ་དང་པོ་དབུ་མཛད་ཆེ་བ (ལྷོ་པ་ལྷས་ནང་པ) མི་གཅིག རིམ་པ་གཉིས་པ་དབུ་ཆུང (ལྷོ་པ་རབ་བརྟན་སོགས) མི་གསུམ། རིམ་པ་གསུམ་པ་བྱིངས་དཀྱུས (བྱང་པ་ཁྲི་རིང་ངག་དབང་སོགས) མི་ཞེ་གཉིས་བཅས་ཡོད།

language:
Tibetan