- zan yang mi 'gyur lhun gyis grub pa'i gtsug lag khang
- ID:
- T242373
- ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང (Tibetan, Tibetan script, Original)
- > zan yang mi 'gyur lhun gyis grub pa'i gtsug lag khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > zen yang mingyur lhün gyi drubpé tsuklakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(བསམ་ཡས་གཙུག་ལག་ཁང)ཟན་ཡང་ནི་རྒྱ་ནག་གི་སྐད་སྒྲ་སོར་བཞག་པ་བྱས་པ་སྟེ། ཟན་ནི་གསུམ་དང་ཡང་ནི་བཟོ་དབྱིབས་ཀྱི་དོན་ཡིན། དེ་ཡང་བསམ་ཡས་གཙུག་ལག་ཁང་གི་བཟོ་དབྱིབས་ནི་ལུགས་མི་འདྲ་བ་གསུམ་གྱི་བཟོ་དབྱིབས་ཁྱད་ཆོས་དང་ལྡན་པ་སྟེ། ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པས་སྟེང་ཁང་གི་ལྷ་ཁང་ལྷ་སྐུ་རྣམས་རྒྱ་གར་གྱི་ལུགས་སུ་བྱས། རྒྱ་ནག་ནི་ཞང་པོ་གཉེན་འབྲེལ་ཡིན་པས་བར་ཁང་གི་ལྷ་ཁང་དང་ལྷ་སྐུ་རྣམས་རྒྱ་ནག་གི་ལུགས་སུ་བྱས། བོད་རྣམས་ཆོས་ལ་བློ་འགུགས་པའི་ཆེད་དུ་འོག་ཁང་གི་ལྷ་ཁང་དང་ལྷ་སྐུ་རྣམས་བོད་ཀྱི་ལུགས་སུ་བྱས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཡང་ཟེར། དེང་སྐབས་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཟན་ཡང་ཞེས་པ་བཤད་ཚུལ་གོང་དང་མི་འདྲ་བ་ཞིག་བྱེད་ཀྱི་འདུག་མོད་ཡིད་ཆེས་པའི་ལོ་རྒྱུས་དང་ཁུངས་བདག་གིས་མ་མཐོང་། ཞིབ་པར་གཤམ་དུ་ས་སྡེའི་ནང་བསམ་ཡས་གཙུག་ལག་ཁང་ཞེས་པར་གཟིགས།
- language:
- Tibetan