Skip to main content Skip to search
zam klu'i gun min dbang hu'i
ID:
T242386
  • ཟམ་ཀླུའི་གུན་མིན་དབང་ཧུའི (Tibetan, Tibetan script, Original)
    • > zam klu'i gun min dbang hu'i (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zam lü gün min wang hü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(三路管民万户)ཡོན་རྒྱལ་རབས་ཀྱི་སྐབས་སུ་མི་སེར་གྱི་དཔོན་པོ་ལ་རིམ་པ་དམའ་ཤོས་དུད་ཆུང་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག་དང་དེའི་འགོ་བྱེད་དཔོན་ལ་བཅུ་དཔོན་ཟེར། དུད་ཆེན་གཉིས་ལ་རྟ་མགོ་གཅིག་ཟེར་བ་དེར་དུད་ཆུང་ལྔ་བཅུ་ཐམ་པ་ཡོད་པ་དེའི་དཔོན་ལ་ལྔ་བཅུ་དཔོན་ཟེར། དུད་ཆུང་བརྒྱ་ཐམ་པ་ལ་བརྒྱ་སྐོར་གཅིག་ཟེར་ཞིང་དེའི་དཔོན་ལ་བརྒྱ་དཔོན་ཟེར། དུད་ཆུང་སྟོང་ལ་སྟོང་སྐོར་གཅིག་དང་དེའི་དཔོན་ལ་སྟོང་དཔོན་ཟེར། དུད་ཆུང་ཁྲི་ལ་ཁྲི་སྐོར་གཅིག་དང་དེའི་དཔོན་ལ་ཁྲི་དཔོན་ཟེར། ཁྲི་སྐོར་བཅུ་ལ་ཀླུའི་གཅིག་དང་། དེའི་དཔོན་ལ་ཀླུའི་ད་ར་ཁ་ཆེ(达鲁花赤)ཟེར། ཀླུའི་གསུམ་ལ་དབང་བྱེད་པའི་དཔོན་ཡིན་ན་ཟམ་ཀླུའི་གུན་མིང་དབང་ཧུའི་གོ་གནས་དང་གསེར་གྱི་དམ་ཁ་སྟེར་སྲོལ་ཡོད་པས། བོད་དུ་ཁྲི་སྐོར་སུམ་བཅུ་ཐམ་པའི་གྲངས་དངོས་སུ་མེད་ཀྱང་དཔོན་ཆེན་ཤཱཀྱ་བཟང་པོ་ལ་དམིགས་བསལ་གྱིས་རིམ་པ་དེ་དང་མཚུངས་པའི་གོ་གནས་སྤྲད་པ་ཡིན་ལ། སྤྱིར་བཏང་གི་དཔོན་ཆེན་ཕལ་ཆེ་བ་ལ་དྷིང་ཟམ་ཀླུའི་སོན་ཝི་སི་དུ་དབེན་བཤའ(དྷི་སན་ཀླུའི་ཤོན་ཝུའི་སི་ཏུའུ་ཡོན་ཧྲོའི)(三路宣慰使四都元帅)ཟེར་བའི་གོ་གནས་དང་། དངུལ་གྱི་ཐམ་ཀ་མ་གཏོགས་སྟེར་སྲོལ་མེད། (《རྒྱ་བོད་ཡིག་ཚང》ནས་ལེགས་སྒྲིག་བྱས)

language:
Tibetan

2. Thupten Phuntsok Dictionary

ཡོན་རྒྱལ་རབས་ཀྱི་སྐབས་མི་སེར་གྱི་དཔོན་པོ་ལ་རིམ་པ་དམའ་ཤོས་དུད་ཆུང་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག་དང་དེའི་འགོ་བྱེད་དཔོན་ལ་བཅུ་དཔོན་ཟེར། དུད་ཆེན་གཉིས་ལ་རྟ་མགོ་གཅིག་ཟེར་བ་དེར་དུད་ཆུང་ལྔ་བཅུ་ཐམ་པ་ཡོད་པ་དེའི་དཔོན་ལ་ལྔ་བཅུ་དཔོན་ཟེར། དུད་ཆུང་བརྒྱ་ཐམ་པ་ལ་བརྒྱ་སྐོར་གཅིག་ཟེར་ཞིང་དེའི་དཔོན་ལ་བརྒྱ་དཔོན་ཟེར། དུད་ཆུང་ཁྲི་ལ་ཁྲི་སྐོར་གཅིག་དང་དེའི་དཔོན་ལ་ཁྲི་དཔོན་ཟེར། ཁྲི་སྐོར་བཅུ་ལ་ཀླུའི་གཅིག་དང་། དེའི་དཔོན་ལ་ཀླུའི་ད་ར་ཁ་ཆེ་ཟེར། ཀླུའི་གསུམ་ལ་དབང་བྱེད་པའི་དཔོན་ཡིན་ན་ཟམ་ཀླུའི་གུན་མིང་དབང་ཧུའི་གོ་གནས་དང་ཤེལ་གྱི་དམ་ཁ་སྟེར་སྲོལ་ཡོད་པས། བོད་ལ་ཁྲི་སྐོར་སུམ་ཅུ་ཐམ་པའི་གྲངས་དངོས་སུ་མེད་ཀྱང་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོ་ལ་དམིགས་བསལ་གྱིས་རིམ་པ་དེ་དང་མཚུངས་པའི་གོ་གནས་སྤྲད་པ་ཡིན་ནོ། །

language:
Tibetan