- zas gtsang gi sras po dgung lo bcu gnyis kyi sku tshad
- ID:
- T242397
- ཟས་གཙང་གི་སྲས་པོ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད (Tibetan, Tibetan script, Original)
- > zas gtsang gi sras po dgung lo bcu gnyis kyi sku tshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > zetsang gi sepo gunglo chunyi kyi kutsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སངས་རྒྱས་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད)སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། སྔར་སངས་རྒྱས་ཞལ་བཞུགས་སྐབས་སངས་རྒྱས་ཀྱིས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལ་བཀའ་གནང་ནས་རང་ཉིད་ཀྱི་འདྲ་སྐུ་གསུམ་བཞེངས་སུ་བཅུག་སྟེ། དགུང་ལོ་སོ་གཉིས་དང་། བཅུ་གཉིས། བརྒྱད་བཅས་ཀྱི་སྐུ་ཚད་དང་མཉམ་པ་རེ་བཞེངས་པའི་ནང་ནས་དགུང་ལོ་སོ་གཉིས་ཀྱི་སྐུ་ཚད་ནི་ལྷ་ཡུལ་དུ་གདན་དྲངས་ཤིང་། དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ནི་རྒྱ་གར་དང་ཨོ་རྒྱན་གྱི་ཡུལ་དུ་ལོ་མང་པོ་བཞུགས་པའི་མཐར་རྒྱ་ནག་ཏུ་གདན་དྲངས་པ་ཡིན། སྐུ་འདི་རྒྱ་ནག་ཏུ་གདན་དྲངས་པའི་དུས་སྐབས་ནི་རྒྱ་གར་དང་རྒྱ་ནག་གི་རྒྱལ་པོ་གང་གི་སྐབས་ཡིན་པའི་སྐོར་རྒྱ་ཡིག་དང་བོད་ཡིག་ཐོག་བཤད་ཚུལ་མི་མཐུན་པས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་འགའ་ཞིག་ལྟར་ན། སྐུ་འདི་ཙན་དན་ཇོ་བོ་དང་མཉམ་དུ་རྒྱ་ནག་ཏུ་གདན་དྲངས་པར་གསལ་ཞིང་། དེའི་སྐོར་གྱི་ལོ་རྒྱུས་ནི་རྒྱ་ཡིག་གི་ཙནྡན་ཇོ་བོའི་ལོ་རྒྱུས་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི《ཙནྡན་ཇོ་བོའི་ལོ་རྒྱུས》《རྒྱལ་རབས་གསལ་བའི་ མེ་ལོང》བཅས་སུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
(སངས་རྒྱས་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད) སངས་རྒྱས་ཆོས་གཞུང་གི་བཤད་ཚུལ་ལ། སྔར་སངས་རྒྱས་ཞལ་བཞུགས་སྐབས་སངས་རྒྱས་ཀྱིས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལ་བཀའ་གནང་ནས་རང་ཉིད་ཀྱི་འདྲ་སྐུ་གསུམ་བཞེངས་སུ་བཅུག་སྟེ། དགུང་ལོ་སོ་གཉིས་དང་། བཅུ་གཉིས། བརྒྱད་བཅད་ཀྱི་སྐུ་ཚད་དང་མཉམ་པ་རེ་བཞེངས་པའི་ནང་ནས་དགུང་ལོ་སོ་གཉིས་ཀྱི་སྐུ་ཚད་ནི་ལྷ་ཡུལ་དུ་གདན་དྲངས་ཤིང་། དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ནི་རྒྱ་གར་དང་ཨོ་རྒྱན་གྱི་ཡུལ་དུ་ལོ་མང་པོར་བཞུགས་པའི་མཐར་རྒྱ་ནག་ཏུ་གདན་དྲངས་པ་ཡིན། སྐུ་འདི་རྒྱ་ནག་ཏུ་གདན་དྲངས་པའི་དུས་རབས་ནི་རྒྱ་གར་དང་རྒྱ་ནག་གི་རྒྱལ་རབས་གང་གི་སྐབས་ཡིན་པའི་སྐོར་རྒྱ་ཡིག་དང་བོད་ཡིག་ཐོག་བཤད་ཚུལ་མི་མཐུན་པས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་འགའ་ཞིག་ལྟར་ན། སྐུ་འདི་ཙན་དན་ཇོ་བོ་དང་མཉམ་དུ་རྒྱ་ནག་ཏུ་གདན་དྲངས་པར་གསལ།
- language:
- Tibetan