- zing po rje
- ID:
- T242408
- ཟིང་པོ་རྗེ (Tibetan, Tibetan script, Original)
- > zing po rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > zingpo jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྔར་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་དུས(སྤྱི་ལོའི་དུས་རབས་ལྔ་པའི་མཇུག་དང་དྲུག་པའི་མགོ་ཙམ)ཡུལ་ཡེལ་རབ་སྡེ་བཞི་དང་། ཀླུམ་ཡ་གསུམ(དེང་སང་གི་འཕན་པོ)ན་ཟིང་པོ་རྗེ་སྟག་སྐྱ་བོ་ཟེར་བ་ཞིག་ཡོད་པ་དེས་མངའ་འོག་གི་དྲང་པོར་སྨྲ་མཁན་ལ་ཆད་པ་གཅོད་པ་དང་། ངོ་དགའ་སྤྲེལ་ལད་བྱེད་མཁན་ལ་གོ་གནས་སྤར་བ་དང་ཡིད་ཆེས་ བྱེད་པའི་རྐྱེན་གྱིས་སྲིད་དབང་ཉམས་རྒུད་དུ་སོང་ཉེ་བའི་སྐབས་བློན་པོ་གཉན་འཛི་ཟུང་གིས་གྲོས་བཏབ་ཀྱང་མ་ཉན་པའི་ཐོག་འཛི་བཟུང་བློན་པོའི་གོ་གནས་ནས་ཕབ། དེའི་རྐྱེན་གྱིས་འཛི་ཟུང་ཁྲོས་ནས་ཟིང་པོ་རྗེ་ཁྲི་པང་གསུམ་ལ་མགོ་བཏགས་ཏེ་ཟིང་པོ་རྗེ་སྟག་སྐྱ་བོ་ལ་དམག་དྲངས་ནས་སྲིད་དབང་འཕྲོགས། སྟག་སྐྱ་བོའི་ཡུལ་ཡེལ་རབ་སྡེ་བཞི་ཀླུམ་ཡ་ གསུམ་དང་བཅས་པ་ཁྲི་པང་གསུམ་ལ་ཕུལ། དེའི་བྱ་དགར་ཀླུམ་ཡ་གསུམ་གྱི་སྨད་ནས་བྲན་གཡོག་ས་ཆ་འགའ་ཤས་སྤྲད། རྗེས་སུ་ཟིང་པོ་རྗེ་ཁྲི་པང་གསུམ་ཡང་སྟག་སྐྱ་བོ་དང་ཁྱད་པར་མེད་སྟབས་འཛི་ཟུང་གི་བྲན་གཡོག་མྱང་ཙེང་སྐུ་དང་། དབས་དབྱི་ཚབ། དེའི་བུ་བང་སུམ་འགྲོན་པོ། ཚེས་སྤོང་ནག་སེང་དང་བཞི་ཟིང་པོ་རྗེ་ཁྲི་པང་གསུམ་ལ་ངོ་ལོག་ནས་ལྷོ་ཁར་སོང་སྟེ་རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་བཏགས་རྗེས་རིང་པོར་མ་སོང་བར་རྒྱལ་པོ་སྟག་རི་གཉན་གཟིགས་འདས་ནས་ཁོང་གི་སྲས་གནམ་རི་སྲོང་བཙན་གྱི་དུས་སུ་ཁོང་ཚོ་བཞིའི་རོགས་རམ་འོག་ཟིང་པོ་རྗེ་ཁྲི་པང་གསུམ་ལ་དམག་དྲངས་ཏེ་མངའ་འོག་ཏུ་བཅུག མྱང་དང་དབས་གནོན་གསུམ་ལ་སོ་སོར་འཕན་པོ་དང་མལ་གྲོ་ས་ཁུལ་གཉིས་ནས་བྲན་ཁྱིམ་དུད་སྟོང་ལྔ་བརྒྱ་རེ་དང་། ཚེས་སྤོང་ནག་སེང་ལ་འོན་གྱི་སྨོན་མཁར་ནས་བྲན་ཁྱིམ་སུམ་བརྒྱ་ཐམ་པ་གནང་ཐོག སྔར་ཡུལ་ངས་པོ་ཟེར་བ་མིང་བསྒྱུར་ནས་འཕན་པོ་ཞེས་བཏགས་པ་དང་། དེའི་གོ་དོན་ཡང་མཐའ་ཡས་པ་དང་ཡངས་ཤིང་རྒྱ་ཆེ་བའི་དོན་ཡིན་པ་སོགས་ཞིབ་པར《ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལེའུ་གསུམ་པ་དང་བཞི་པ་གཉིས་སུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
སྔར་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་དུས (སྤྱི་ལོའི་དུས་རབས་ལྔ་པའི་མཇུག་དང་དྲུག་པའི་མགོ་ཙམ) ཡུལ་ཡེལ་རབ་སྡེ་བཞི་དང་། ཀླུམ་ཡ་གསུམ (དེང་སང་གི་འཕན་པོ) ན་ཟིང་པོ་རྗེ་སྟག་སྐྱ་བོ་ཟེར་བ་ཞིག་ཡོད་པ་དེས་མངའ་འོག་གི་མི་དྲང་པོར་སྨྲ་མཁན་ལ་ཆད་པ་གཅོད་པ་དང་། ངོ་དགའ་སྤྲེལ་ལད་བྱེད་མཁན་ལ་གོ་གནས་སྤར་བ་དང་ཡིད་ཆེས་བྱེད་པའི་རྐྱེན་གྱིས་སྲིད་དབང་ཉམས་རྒུད་དུ་སོང་ཆེས་བྱེད་པའི་རྐྱེན་གྱིས་སྲིད་དབང་ཉམས་རྒུད་དུ་སོང་ཉེ་བའི་སྐབས་བློན་པོ་གཉན་འཛི་ཟུང་གིས་གྲོས་བཏབ་ཀྱང་མ་ཉན་པའི་ཐོག་འཛི་ཟུང་བློན་པོའི་གོ་གནས་ནས་ཕབ། དེའི་རྐྱེན་གྱིས་འཛི་ཟུང་ཁྲོས་ནས་ཟིང་པོ་རྗེ་ཁྲི་པང་གསུམ་ལ་མགོ་བཏགས་ཏེ་ཟིང་པོ་རྗེ་སྟག་སྐྱ་བོ་ལ་དམག་དྲངས་ནས་སྲིད་དབང་ཕྲོགས། སྟག་སྐྱ་བོའི་ཡུལ་ཡེལ་རབ་སྡེ་བཞི་ཀླུམ་ཡ་གསུམ་དང་བཅས་པ་ཁྲི་པང་གསུམ་ལ་ཕུལ། དེའི་བྱ་དགར་ཀླུམ་ཡ་གསུམ་གྱི་སྨད་ནས་བྲན་གཡོག་ས་ཆ་འགའ་ཤས་སྤྲད། རྗེས་སུ་ཟིང་པོ་རྗེ་ཁྲི་པང་གསུམ་ཡང་སྟག་སྐྱ་བོ་དང་ཁྱད་པར་མེད་སྟབས་འཛི་ཟུང་གི་བྲན་གཡོག་མྱང་ཙེང་སྐུ་དང་། དབས་དབྱི་ཚབ། དེའི་བུ་བང་སུམ་འགྲོན་པོ། ཚེས་སྤོང་ནག་སེང་དང་བཞི་ཟིང་པོ་རྗེ་ཁྲི་པང་གསུམ་ལ་ངོ་ལོག་ནས་ལྷོ་ཁར་སོང་སྟེ་རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་བཏགས་རྗེས་རིང་པོར་མ་སོང་བར་རྒྱལ་པོ་སྟག་རི་གཉན་གཟིགས་འདས་ནས་ཁོང་གི་སྲས་གནམ་རི་སྲོང་བཙན་གྱི་དུས་སུ་ཁོ་ཚོ་བཞིའི་རོགས་རམ་འོག་ཟིང་པོ་རྗེ་ཁྲི་པང་སུམ་ལ་དམག་དྲངས་ཏེ་མངའ་འོག་ཏུ་བཅུག མྱང་དང་དབས་གནོན་གསུམ་ལ་སོ་སོར་འཕན་པོ་དང་མལ་དྲོ་ས་ཁུལ་གཉིས་ནས་བྲན་ཁྱིམ་དུད་སྟོང་ལྔ་བརྒྱ་རེ་དང་། ཚེས་སྤོང་ནག་སེང་ལ་འོན་གྱི་སྨོན་མཁར་ནས་བྲན་ཁྱིམ་སུམ་བརྒྱ་ཐམ་པ་གནང་ཐོག སྔར་ཡུལ་ངས་པོ་ཟེར་བ་མིང་བསྒྱུར་ནས་འཕན་པོ་ཞེས་བཏགས་པ་དང་། དེའི་གོ་དོན་ཡང་མཐའ་ཡས་པ་དང་ཡངས་ཤིང་རྒྱ་ཆེ་བའི་དོན་ཡིན།
- language:
- Tibetan