Skip to main content Skip to search
zem rin po grags pa seng ge
ID:
T242480
  • ཟེམ་རིན་པོ་གྲགས་པ་སེང་གེ (Tibetan, Tibetan script, Original)
    • > zem rin po grags pa seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zem rinpo drakpa sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ཉིད་ཡབ་རྩེ་བོ་དང་ཡུམ་ཇོ་བཙུན་མ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ལྕགས་ཕག (༡༡༩༡) ལོར་ཧམ་མདོའི་དེར་གོམ་དུ་སྐུ་འཁྲུངས། བྱིས་པའི་དུས་ཉིད་ནས་རང་བཞིན་མེད་པའི་ཏིང་ངེ་འཛིན་ལ་ངང་གིས་འཇུག་དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་སངས་རྒྱས་སྒོམ་པ་བ་ཚུར་བྱོན་པ་དང་མཇལ། རབ་ཏུ་བྱུང་བར་ཞུས་པས། གྲོ་སར་གྱིས་གསུངས་ནས་མཁན་པོ་རྣལ་འབྱོར་བྱང་སེང་ལས་རབ་ཏུ་བྱུང་། མཚན་གྲགས་པ་སེང་གེར་གསོལ། འདུལ་བ་བསླབས། དགུང་ལོ་བཅུ་དགུར་ཕེབས་སྐབས་མཁན་པོ་རྣལ་འབྱོར། ལས་སློབ་ཞོགས་པ་གནས་བརྟན། གསང་སྟེ་པ་ཟེམ་ཆེན་མོས་མཛད་ནས་བསྙེན་པར་རྫོགས། བྱ་ཡུལ་དུ་སངས་རྒྱས་སྒོམ་པའི་སྤྱན་སྔར་བྱོན་པས་ཐུགས་ཀྱིས་བཟུང་ནས་གདམས་པ་ཚང་བར་གནང་། སངས་རྒྱས་སྒོམ་པ་གཤེགས་རྗེས་གདན་ས་བ་གཞན་ཞིག་བྱུང་བའི་མཚན་ནི་མ་ཤེས། ལོ་བྱ་ཡུལ་བ་རྣམས་བརྒྱུད་རིམ་ལ་ཡང་སངས་རྒྱས་སྒོམ་པ་ནས་ཟེམ་གྱི་བར་དུ་གཞན་མི་འཇུག་པར་འདུག ཕྱིས་དཔལ་ལྷ་མོའི་བཀའ་བྱུང་ནས་ཟེམ་གྱིས་གདན་ས་མཛད། མཐར་དགུང་ལོ་དྲུག་ཅུ་རྩ་དྲུག་པ་རབ་བྱུང་བཞི་པའི་མེ་འབྲུག (༡༢༥༦) ལོར་སྐུ་གཤེགས། འདིའི་སློབ་མ་མང་དུ་བྱོན་པའི་ནང་ནས་འོད་གསལ་བ་ཆེན་པོས་ཞོགས་ཀྱི་ཕུར་འོད་གསལ་དགོན་པ་བཏབ། རི་མེར་བ་ཆེན་པོས་ལྷོ་བྲག་ཤར་དུ་རི་མེར་བཏབ།

language:
Tibetan