- zla ba bsil ba'i bdud rtsi
- ID:
- T242519
- ཟླ་བ་བསིལ་བའི་བདུད་རྩི (Tibetan, Tibetan script, Original)
- > zla ba bsil ba'i bdud rtsi (Tibetan, Latin script, Transliteration-THL Extended Wylie Transliteration)
- > dawa silwé dütsi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་གྱི་ནུས་པ་ལ་བལྟོས་ནས་བཏགས་པའི་གཡའ་ཀྱིའི་གབ་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། ཟླ་བ་བསིལ་བའི་བདུད་རྩི་ཞེས་གཡའ་ཀྱི་མའི་གབ་མིང་སྟེ། དེ་ལ་ཅིའི་ཕྱིར་དེ་ལྟར་ཞེ་ན། དཔེ་ཆུ་ཤེལ་གྱི་དབང་པོ་མཁའ་ལམ་དུ་འཕྲོ་བའི་ཚེ་ས་གཞི་ཐམས་ཅད་བསིལ་བར་བྱེད་པ་ལྟར། གཡའ་ཀྱིས་ཀྱང་ཚ་བའི་ནད་ཐམས་ཅད་འཇོམས་ཤིང་གསོད་པའི་ཕྱིར་བསིལ་བའི་བདུད་རྩི་ཞེས་བཤད་དོ། །ཞེས་གསུངས།
- language:
- Tibetan