Skip to main content Skip to search
zla ba'i dug
ID:
T242521
  • ཟླ་བའི་དུག (Tibetan, Tibetan script, Original)
    • > zla ba'i dug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dawé duk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྨན་གྱི་ནུས་པ་ལ་བལྟོས་ནས་བཏགས་པའི་རེ་སྐོན་གྱི་མིང་གི་རྣམ་གྲངས་ཤིག་སྟེ། གཟའ་ལས་ནམ་རྒྱལ་དུ། སྟོང་རི་ཟིལ་པ་ཉི་མའི་དུག་རྩི་དམར་རྐང་གཅིག་ཟླ་བའི་དུག ལོ་བཙན་འཐིང་པོ་མིག་དམར་དུག པྲི་ཡང་ཀུ་ནི་ལྷག་པའི་དུག སྟག་ཤ་བ་ནི་ཕུར་བུའི་དུག ཟིན་ཏིག་པ་ཝ་སངས་ཀྱི་དུག པཪྤ་ཏ་ནི་སྤེན་པའི་དུག ལྕགས་ཀྱུ་བ་ནི་སྒྲ་གཅན་དུག ར་དུག་དུ་བ་མཇུག་རིང་དུག ཅེས་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། རྩི་དམར་རྐང་གཅིག་ཕུག་རོན་རྐང་། རྩི་དམར་ཟིལ་པ་ཟླ་བའི་དུག རྩི་མིན་རྩི་ཡི་མིང་ཅན་རྣམས། རེ་སྐོན་མིང་གི་རྣམ་གྲངས་ཡིན། ཞེས་གསུངས།

language:
Tibetan