Skip to main content Skip to search
gzi dmar
ID:
T242561
  • གཟི་དམར (Tibetan, Tibetan script, Original)
    • > gzi dmar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zi mar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྣམ་སྲས་གཟི་དམར་ཞེས། རུས་མཆོང་ལྟར་ཅུང་དྭངས་ཉམས་དམར་མདངས་ཅན་ལ། རི་མོ་གཟི་རིས་ཆུ་མིག་གཉིས་པ་སོགས་སྤྱི་ལྟར་ཡོད་པ། ཁ་དོག་ནག་པོ་དང་། རང་བྱུང་གི་ཆུ་རིས་དཀར་པོ་ཅན། དབྱིབས་ཟླུམ་པོ་དང་། ཟླུམ་རིང་ཅི་རིགས་འཆོས་པ་འབྱུང་བས། སྨན་དུ་སྦྱར་སྐབས་འདི་རྣམས་ཀྱང་གཟིའི་ཁོངས་སུ་གཏོང་དུ་རུང་བར་གསུངས། རོ་ནུས། རོ་མངར། ཞུ་རྗེས་སྙོམས། ནུས་པས་གཟའ་ནད་སྲུང་ཞིང་། གདོན་གཟེར་འཇོམས། ཀླད་སྐྱོན་རྩ་དཀར་གྱི་ནད་རྣམས་སེལ། ལུས་ལ་འཆང་བས་སྟེང་གདོན་གཟའ་ནད་སྲུང་།

language:
Tibetan