- gzugs kyi rnam pa'i rang bzhin
- ID:
- T242587
- གཟུགས་ཀྱི་རྣམ་པའི་རང་བཞིན (Tibetan, Tibetan script, Original)
- > gzugs kyi rnam pa'i rang bzhin (Tibetan, Latin script, Transliteration-THL Extended Wylie Transliteration)
- > zuk kyi nampé rangshyin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྩོམ་རིག་སྒྱུ་རྩལ་ལ་ངེས་པར་དུ་ཞིབ་ཅིང་ཕྲ་ལ་གསོན་ཉམས་ཀྱི་དངོས་ཚོར་ལྡན་པ་དང་གཟུགས་ཀྱི་རྣམ་པའི་རང་བཞིན་ལ་བརྟེན་ནས་མི་རྣམས་ལ་གོ་སྐོན་དང་སེམས་འགུལ་ཐེབས་སུ་འཇུག་གི་ཡོད། གཟུགས་ཀྱི་རྣམ་པའི་ལེགས་ཉེས་ནི་བརྩམ་བྱར་ཚད་ལེན་བྱེད་པའི་གལ་ཆེའི་ཚད་གཞིའི་ནང་གི་གཅིག་ཡིན། རྩོམ་རིག་སྒྱུ་རྩལ་གྱི་ཐག་གཅོད་རང་བཞིན་ལྡན་པའི་ཁྱད་ཆོས་ནི་དེའི་གཟུགས་ཀྱི་རྣམ་པའི་རང་བཞིན་ལ་རག་ལས་ཡོད། དེ་ནི་སྒྱུ་རྩལ་གྱི་གཟུགས་ཀྱི་རྣམ་པའི་ཐོག་ནས་དངོས་དོན་ལ་ཚུར་སྣང་གི་ཡོད། སྤྱི་ཚོགས་ཀྱི་འཚོ་བའི་ནང་དུ་སྤྱོད་པའི་དམིགས་བསལ་གྱི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་རིགས་ཤིག་ཡིན། དེར་བརྟེན་སྒྱུ་རྩལ་གྱི་གཟུགས་ཀྱི་རྣམ་པ་ནི་མཛེས་རྩལ་བརྩམ་བྱའི་ནང་ཞིབ་ཕྲ་དང་། མི་སེམས་འགུལ་བ། མི་རྣམས་ལ་མཛེས་འཆོས་ཚོར་སྣང་ཐོབ་པའི་འཚོ་བ་དངོས་མཚོན་པའི་བརྩམ་བྱ་ཞིག་ཡིན་དགོས།
- language:
- Tibetan