Skip to main content Skip to search
gzugs 'gyur ri mo
ID:
T242590
  • གཟུགས་འགྱུར་རི་མོ (Tibetan, Tibetan script, Original)
    • > gzugs 'gyur ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zuk gyur rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བརྗོད་བྱ་གཙོ་བོ་དང་ནང་དོན་གཅིག་མཚུངས་ཡིན་ལ། གྲུབ་ཆ་དང་བཀོག་སྒྲིག་བྱེད་ཐབས་མི་འདྲ་བར་བརྟེན་ནས་རི་མོ་ཁ་ཤས་ཤིག་བྲིས་པར་ཟེར། དེའི་ནང་རང་གི་འདོད་པ་ཁེངས་ཤོས་ཀྱི་རི་མོ་གཅིག་ཕུད། དེ་བྱིངས་རྣམས་རི་མོ་འདིའི་གཟུགས་འགྱུར་རི་མོ་ཡིན། བརྗོད་བྱ་གཙོ་བོའི་བསམ་བློ་གང་ལེགས་མཚོན་བྱེད་དུ་རི་མོ་མཁན་མང་པོས་ནང་དོན་གཅིག་མཚུངས་ཞིག་ལ་བརྟེན་ནས། ཆེ་སར་འདྲ་ལ་ཆུང་སར་ཁྱད་པར་ཡོད་པའི་གཟུགས་འགྱུར་རི་མོ་འགའ་ཞིག་བྲིས་ཡོད་པ་སྟེ། དཔེར་ན། སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་ཨུ་རུ་སུའི་རི་མོ་མཁས་ཅན་ཏོ་ཐོ་ཧྥུས་བྲིས་པའི་ཧྲའོ་དམག་དཔོན་གིས་མནའ་མ་སློང་བ་ཞེས་པ་དང་། ལའེ་པིང་གིས་བྲིས་པའི་བསམ་ཡུལ་ལས་འདས་པའི་ཕྱིར་ལོག་ཅེས་པ་སོགས་ལ་གཟུགས་འགྱུར་རི་མོ་མང་པོ་སྤྱད་ཡོད།

language:
Tibetan