Skip to main content Skip to search
gzung 'dzin rol pa
ID:
T242621
  • གཟུང་འཛིན་རོལ་པ (Tibetan, Tibetan script, Original)
    • > gzung 'dzin rol pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zungdzin rolpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཕྱི་རོལ་ཡུལ་གྱི་སྣང་བ་བཟང་ངན་སྣ་ཚོགས་པ་ཞིག་འཆར་བ་དེ་རྣམས་རང་སེམས་ཀྱི་སྣང་བ་དག་དང་མ་དག་གཉིས་ལ་བརྟེན་ནས་བྱུང་བའི་འཆར་སྣང་ཞིག་ཡིན་པས། གཟུང་བ་ཡུལ་གྱི་ངོ་བོ་ཇི་བཞིན་དུ་མ་རྟོགས་པ་དེ་སྲིད་དུ་རང་སེམས་ལ་སྣང་ཚུལ་གང་དང་གང་ཡང་འཆར་བའི་འཁྲུལ་སྣང་སྣ་ཚོགས་ཡོང་བ་ཞིག་ཡིན་ལ། བཀའ་རྒྱུད་ཀྱི་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ལ། རང་གི་སེམས་ལ་འཆར་སྣང་བཟང་ངན་འབྲིང་གསུམ་གང་བྱུང་བ་རྣམས་ཕྱི་རོལ་ཡུལ་གྱི་བག་ཆགས་ལ་བརྟེན་ནས་འཆར་སྣང་དེ་དག་ཕྱི་རོལ་ཡུལ་དེ་རང་གི་ཐོག་ཏུ་ཡོད་པ་ལྟ་བུར་འཆར་བ་ཡིན་ཅིང་། རྣམ་ཤེས་ཚོགས་དྲུག་གམ་རང་གི་སེམས་ལ་ཕྱི་རོལ་ཡུལ་གྱི་སྣང་བ་ཤར་བ་ཐམས་ཅད་གཟུང་བ་ཡུལ་གྱི་སྣང་ཆ་དང་རང་སེམས་སོ་སོ་འཆར་བའི་རྗེས་སུ་བྱུང་བའི་སེམས་རྣམ་པ་བརྒྱད་བྱུང་བ་ཡིན་པས་ཐམས་ཅད་གཟུང་འཛིན་གཉིས་ཀྱི་རོལ་པ་སྟེ་རྣམ་འགྱུར་ཡིན།

language:
Tibetan

2. Thupten Phuntsok Dictionary

ཕྱི་རོལ་ཡུལ་གྱི་སྣང་བ་བཟང་ངན་སྣ་ཚོགས་པ་ཞིག་འཆར་བ་དེ་རྣམས་རང་སེམས་ཀྱི་སྣང་བ་དག་དང་མ་དག་གཉིས་ལ་བརྟེན་ནས་བྱུང་བའི་འཆར་སྣང་ཞིག་ཡིན་པས། གཟུང་བ་ཡུལ་གྱི་ངོ་བོ་ཇི་བཞིན་དུ་མ་རྟོགས་པ་དེ་སྲིད་དུ་རང་སེམས་ལ་སྣང་ཚུལ་གང་དང་གང་ཡང་འཆར་བའི་འཁྲུལ་སྣང་སྣ་ཚོགས་ཡོང་བ་ཞིག་ཡིན་ལ། རང་གི་སེམས་ལ་འཆར་སྣང་བཟང་ངན་འབྲིང་གསུམ་གང་བྱུང་བ་རྣམས་ཕྱི་རོལ་ཡུལ་གྱི་བག་ཆགས་ལ་བརྟེན་ནས་འཆར་སྣང་དེ་དག་ཕྱི་རོལ་ཡུལ་དེ་རང་གི་ཐོག་ཏུ་ཡོད་པ་ལྟ་བུར་འཆར་བ་ཡིན་ཅིང་། རྣམ་ཤེས་ཚོགས་དྲུག་གམ་རང་གི་སེམས་ལ་ཕྱི་རོལ་ཡུལ་གྱི་སྣང་བ་ཤར་བ་ཐམས་ཅད་གཟུང་བ་ཡུལ་གྱི་སྣང་ཆ་དང་རང་སེམས་སོ་སོར་འཆར་བའི་རྗེས་སུ་བྱུང་བའི་སེམས་རྣམ་པ་བརྒྱད་བྱུང་བ་ཡིན་པས་ཐམས་ཅད་གཟུང་འཛིན་གཉིས་ཀྱི་རོལ་པ་སྟེ་རྣམ་འགྱུར་ཡིན།

language:
Tibetan