- gzer sman gsum
- ID:
- T242636
- གཟེར་སྨན་གསུམ (Tibetan, Tibetan script, Original)
- > gzer sman gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > zer men sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཨ་ཕྱག་གཟེར་འཇོམས་དང་། ཡ་ཕྱག་ཚེར་སྔོན། མིང་ཆེན་སེར་པོ་གསུམ་གྱི་བསྡུས་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། གཟེར་སྨན་གསུམ་ནི་ཨ་ཕྱག་གཟེར་འཇོམས། ཨ་ཕྱག་ཚེར་སྔོན། མིང་ཆེན་སེར་པོ་གསུམ་གྱི་བརྡ་བསྡུས་པའི་མིང་ངོ། །ཞེས་གསུངས།
- language:
- Tibetan