- bzang tshon ri mo
- ID:
- T242647
- བཟང་ཚོན་རི་མོ (Tibetan, Tibetan script, Original)
- > bzang tshon ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > zang tsön rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཆུ་བསྲེས་སྐྱ་ཚོན་རི་མོ་ཞེས་ཀྱང་རུང་། དེ་ནི་ཆུ་དང་ཀ་རག་ལ་ཚོན་བསྲེས་ནས་བཟོས་པའི་ཚོན་གྱི་རིགས་ཤིག་ཡིན། ཚོན་འདིར་རྒྱུན་དུ་ཆུ་བསྲེས་ཏེ། ཤོག་བུའམ། རས་གཞི། པང་ལེབ། གྱང་ལྡེབས་སོགས་ཀྱི་སྟེང་དུ་སྤྱད་ན་འགྲིག་བཟང་ཚོན་རི་མོ་ནི་ལོ་རྒྱུས་ཡུན་རིང་ལྡན་རུང་མིང་དེ་ཉེ་རབས་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ཙམ་ལ་གཞི་ནས་བྱུང་། བཟང་ཚོན་གྱི་ཁ་དོག་ནི་ཧར་ལ་བཀྲག་མདངས་ཆེ་བ་དང་། གཞི་རྩའི་ཆར་དྭངས་གསལ་མེད་ལ་འབྱར་ཤུགས་མེད་པ། ཐིམ་མི་འགྲོ་བ་རི་མོ་ཞིབ་ཚགས་ལ་གཏིང་ཟབ་འབྲི་ཐུབ་པ། རྒྱ་ཁྱོན་ཆེ་བའི་རི་མོར་སྤྱད་ན་ཕན་འབྲས་ལེགས་ཤིང་། མཚོན་བྱེད་ཀྱི་ནུས་པ་གང་ལེགས་ལྡན་པ། ལག་ཆ་སྟབས་བདེ་བ་འགྲོ་གྲོན་ཆུང་བ། གསར་རྩོམ་དང་། དངོས་བྲིས་གང་ལའང་སྤྱོད་ཆོག་པ་དང་། པིར་སྤྱོད་ཐབས་འཚམ་པོ་བྱུང་ན་སྣུམ་ཚོན་རི་མོའི་མཐུག་པོའི་ཉམས་དང་ཧང་ཚོན་རི་མོའི་སྲབ་པའི་ཉམས་གཉིས་ཀྱི་ཐུན་མོང་གི་དམིགས་བསལ་ཁྱད་ཆོས་འདོན་ཐུབ་ཀྱི་ཡོད། འོན་ཀྱང་དེའི་སྐྱོན་ཆ་ནི་ཚོན་གྱི་ཁ་དོག་སྣུམ་པོ་མེད་པ། ཉི་འོད་ཀྱི་འོག་ཏུ་མདོག་འགྱུར་བ། ད་དུང་ཚོན་སྤྱོད་སྐབས་བཟོ་བཅོས་དང་འཕུར་འཕུར་མང་དྲགས་ན་ཐལ་མདོག་དང་། བཙོག་དྲེག་སོགས་ཐོན་གྱི་ཡོད་པས་དོ་སྣང་མཛད་གལ་ཆེ།
- language:
- Tibetan