Skip to main content Skip to search
bza' dam mkhar shul
ID:
T242654
  • བཟའ་དམ་མཁར་ཤུལ (Tibetan, Tibetan script, Original)
    • > bza' dam mkhar shul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > za dam khar shul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(བོད་ལྗོངས་འཕན་པོ་ལྷུན་གྲུབ་རྫོང་ཁོངས)དེ་སྔའི་བཟའ་དམ་རྫོང་གནས་ཡུལ་གྱི་མཁར་ཤུལ་དེ་ནི་སྔོན་དུས་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འདས་ས་འཕན་ཡུལ་ཟལ་མོ་སྒང་ཞེས་པ་དེ་ཡིན་སྐད་དང་། བོད་སིལ་བུའི་དུས་སུ་ཟ་དང་དོམ་པ་བཙན་པའི་མཁར་ལ་བརྟེན། ཞེས་པའི་མཁར་ཡང་བཟའ་དམ་གྱི་མཁར་དེ་ཡིན་ཟེར། དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་སྐབས་བཟའ་དམ་རྫོང་གནས་ཡུལ་ཐོག་མར་རི་སྟེང་མཁར་རྫོང་དེར་བྱས་ཤིང་། རྗེས་སུ་རི་གཤམ་དུ་རྫོང་ཁང་གསར་རྒྱག་བྱས་ཀྱང་རི་སྟེང་མཁར་ཤུལ་དེར་དར་ལྕོག་འཛུགས་སྲོལ་འདུག

language:
Tibetan

2. Thupten Phuntsok Dictionary

(བོད་ལྗོངས་འཕན་པོ་ལྷུན་གྲུབ་རྫོང་ཁོངས) དེ་སྔའི་བཟའ་དམ་རྫོང་གནས་ཡུལ་གྱི་མཁར་ཤུལ་དེ་ནི་སྔོན་དུས་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འདས་ས་འཕན་ཡུལ་ཟལ་མོ་སྒང་ཞེས་པ་དེ་ཡིན་སྐད་དང་། བོད་སིལ་བུའི་དུས་སུ་ཟ་དང་དོམ་པ་བཙན་པའི་མཁར་ལ་བརྟེན། ཞེས་པའི་མཁར་ཡང་བཟའ་དམ་གྱི་མཁར་དེ་ཡིན་ཟེར། དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་སྐབས་བཟའ་དམ་རྫོང་གནས་ཡུལ་ཐོག་མར་རི་སྟེང་མཁར་རྫོང་དེར་བྱས་ཤིང་རྗེས་སུ་རི་གཤམ་དུ་རྫོང་གསར་རྒྱག་བྱས་ཀྱང་རི་སྟེང་མཁར་ཤུལ་དེར་དར་ལྕོག་འཛུགས་སྲོལ་འདུག

language:
Tibetan