Skip to main content Skip to search
bzo grwa 'dod 'jo'i dpal 'khyil
ID:
T242678
  • བཟོ་གྲྭ་འདོད་འཇོའི་དཔལ་འཁྱིལ (Tibetan, Tibetan script, Original)
    • > bzo grwa 'dod 'jo'i dpal 'khyil (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zo dra dö jö pal khyil (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བསྡུས་མིང་དུ་ཞོལ་འདོད་དཔལ་ཡང་ཟེར། དེ་ནི་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ལྗགས་བཀོད་ལྟར་ཕོ་བྲང་དམར་པོའི་ཞོལ་དུ་བཟོ་རྩལ་སློབ་གྲྭ་དང་བཟོ་གྲྭ་གཅིག་ལྕོགས་ཡིན་པའི་བཟོ་གྲྭ་འདོད་འཇོའི་དཔལ་འཁྱིལ་ཞེས་པ་ཞིག་གསར་དུ་བསྐྲུན། དེའི་ནང་གསེར་ཟངས་དང་། ལི་མ། འཇིམ་སྐུ། དངུལ་སྐུ་སོགས་དང་། མཆོད་པའི་ཡོ་ཆས། ཁྱིམ་པའི་འཛིན་ཆས་སོགས་བཟོ་སྐྲུན་བྱེད་པའམ་སློབ་སྦྱོང་བྱེད་སའང་ཡིན། བཟོ་གྲྭ་དེའི་ནང་ལག་རྩལ་རྣམ་གྲངས་ལ་མཚོན་ན། ཟངས་བཟོ་བ། ལུགས་པ། ཚག་པ། རི་མོ་བ། འཇིམ་བཟོ་བ། གསེར་བཟོ་བ། ལྕགས་བཟོ་བ་བཅས་ལས་རིགས་མི་འདྲ་བ་བདུན་ཙམ་ལས་གྲུབ་ཡོད།

language:
Tibetan