Skip to main content Skip to search
bzo ljongs
ID:
T242690
  • བཟོ་ལྗོངས (Tibetan, Tibetan script, Original)
    • > bzo ljongs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zo jong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལྕགས་རྟ་ (༡༦༩༠) ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་སྐྱོང་དང་སྤྱིའི་འཆར་འགོད་མཛད་པའི་འོག་ཕོ་བྲང་དམར་པོ་དང་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་གདུང་གསར་བཞེངས་མཛད་སྐབས་སུ་ལྡེབས་རིས་དང་ཚོན་རྩིའི་ལས་ཀ་རྣམས་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་ཡོང་བའི་ཕྱིར་དུ་སྡེ་སྲིད་མཆོག་ནས་སྨན་ལུགས་དབུ་ཆེན་ལྷོ་བྲག་བསྟན་འཛིན་ནོར་བུ་དང་མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་པའི་ཚེ་འཕེལ་གཉིས་ཀྱིས་འགོ་ཁྲིད་དང་གཙོ་སྐྱོང་བྱེད་པའི་འོག་ཐང་ག་དང་ལྡེབས་རིས་འབྲི་མཁན་གྱི་སྒྲིག་འཛུགས་ཏེ་བཟོ་ལྗོངས་དང་ཤིང་ཚོན་སོགས་ཚོན་རྩི་གཏོང་མཁན་གྱི་སྒྲིག་འཛུགས་ཏེ། སྒེར་པ་ཞེས་པ་འཛུགས་རྒྱུའི་བཀའ་བཀོད་མཛད། དུས་འཕྱིས་ས་གནས་སྲིད་གཞུང་གིས་སྨན་ལུགས་བྲིས་རྒྱུན་ལ་མཐོང་ཆེན་བྱས་པར་བརྟེན་བཟོ་ལྗོངས་ཀྱི་རི་མོ་མཁན་གྱི་འབྱུང་ཁུངས་གཙོ་བོ་ནི་ལྷོ་བྲག་དང་ཨེ་ཁུལ་ནས་ཡིན། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཚོན་རྩི་ལྡེབས་རིས་ཀྱི་ལས་ཀར་བཀོད་འདོམས་གནང་བདེའི་ཆེད་དུ་"བཟོ་ལྗོངས་"དང"སྒེར་པ"གཉིས་ཟླ་སྒྲིལ་ནས་སྐྱིད་སྡུག་གཅིག་ཏུ་གྱུར། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་"བཟོ་ལྗོངས"ལ་ཐང་ག་དང་ཤིང་ཚོན་གཏོང་མཁན་བསྡོམས་མི་གྲངས་ཉིས་བརྒྱ་ཙམ་ཡོད། དེང་གི་"མཛེས་རྩལ་མཐུན་ཚོགས"དང་ཆ་འདྲ་བ་ཡིན།

language:
Tibetan