- 'a 'bre'i sde gnyis
- ID:
- T242725
- འ་འབྲེའི་སྡེ་གཉིས (Tibetan, Tibetan script, Original)
- > 'a 'bre'i sde gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > a dré dé nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུས་གཙང་མི་བཅུའི་ཁོངས་སུ་མི་ཐེ་བ་འ་འབྲེའི་སྡེ་གཉིས་བྱུང་ཞིང། དེ་ཡང་འ་ཞ་མགོ་བོ་ཆེའི་བུ་འ་ཡེ་ཤེས་གཡུང་དྲུང་གིས་ཁམས་ལ་སྡོམ་པ་ལེན་དུ་ཕེབས། ཁོང་གིས་ཁམས་སུ་བླ་ཆེན་གྱི་མཁན་བུ་ཀྲེ་པོ་མཆོག་བླ་ལ་སྡོམ་པ་ཞུས་པར་ངས་ཆུ་གཏོར་བཏང་ནས་ཡོང་ཆོག་གསུངས་ཏེ་མཁན་པོ་དེ་ཁར་སྐུ་འདས། མཁན་པོའི་གསུང་དེ་ཀ་ལ་སྡོམ་པ་ཐོབ་པར་བཟུང་བས་དགེ་ཚུལ་ཆུ་གཏོར་མར་གྲགས། འ་ཞ་དེས་སྣ་ནམ་འདྲེ་བརྔས་དང་འུ་ཡུག་མདའི་ར་ཤག་དང་དེའི་ལམ་སྟེགས་སྟག་གི་གནས་པོ་ཆེ་བཟུང། དེ་ནས་རིམ་བཞིན་བརྒྱུད་པ་རྣམས་ལ་འ་ཚོའི་སྐོར་ཟེར།
- language:
- Tibetan
2. Thupten Phuntsok Dictionary
དབུས་གཙང་མི་བཅུའི་ཁོངས་སུ་མི་ཐེ་བ་འ་འབྲེའི་སྡེ་གཉིས་བྱུང་ཞིང་། དེ་ཡང་འ་ཞ་མགོ་བོ་ཆེའི་བུ་འ་ཡེ་ཤེས་གཡུང་དྲུང་གིས་ཁམས་ལ་སྡོམ་པ་ལེན་དུ་ཕེབས། ཁོང་གིས་ཁམས་སུ་བླ་ཆེན་གྱི་མཁན་བུ་ཀྲེ་པོ་མཆོག་བླ་མར་སྡོམ་པ་ཞུས་པར་ངས་ཆུ་གཏོར་བཏང་ནས་ཡོང་ཆོག་གསུངས་ཏེ་མཁན་པོ་དེ་ཁར་སྐུ་འདས། མཁན་པོའི་གསུང་དེ་ཀ་ལ་སྡོམ་པ་ཐོབ་པར་བཟུང་བས་དགེ་ཚུལ་ཆུ་གཏོར་མ་གྲགས། འ་ཞ་དེས་སྣ་ནམ་འདྲེ་བརྔས་དང་འུ་ཡུག་མདའི་ར་ཤག་དང་དེའི་ལམ་སྟེགས་སྟག་གི་གནས་པོ་ཆེ་བཟུང་། དེ་ནས་རིམ་བཞིན་བརྒྱུད་པ་རྣམས་ལ་འ་ཚོའི་སྐོར་ཟེར།
- language:
- Tibetan