- 'u dzi then
- ID:
- T242755
- འུ་ཛི་ཐེན (Tibetan, Tibetan script, Original)
- > 'u dzi then (Tibetan, Latin script, Transliteration-THL Extended Wylie Transliteration)
- > u dzi ten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(武则天)ཐང་རྒྱལ་རབས་ཀྱི་གོང་མ་དྲུག་པ་རྒྱལ་མོ་འུ་ཛི་ཐེན(༦༢༤ནས༧༠༥)ཀྲུང་གོའི་ལོ་རྒྱུས་ཐོག་བུད་མེད་ཀྱིས་གོང་མ་བྱས་པའི་དཔེ་མཚོན་ཞིག་ཡིན་ཞིང། སྤྱི་ལོ༦༩༠ནས༧༠༥ལོ་བར་སྲིད་དབང་བཟུང། ཧྲན་ཤིས་ཝེན་ཧྲུའི་ཏུང(山西文水东)གི་མི་ཡིན། ལོ་བཅུ་བཞི་ལ་སླེབས་སྐབས་གོང་མ་ཐང་ཐའི་ཙུང་གི་ཕོ་བྲང་ནང་གི་བཙུན་མོའི་འཁོར་བྱས། གོང་མ་ཐང་ཀའོ་ཙུང་གིས་སྲིད་དབང་བཟུང་རྗེས། སྤྱི་ལོ༦༥༥ལོར་གོང་མའི་བཙུན་མོ་བྱས། སྤྱི་ལོ༦༨༣ལོར་གོང་མ་ཐང་ཀྲུང་ཙུང་གོང་མ་བྱས་ནས་ཟླ་བ་གཉིས་ལས་མ་སོང་བར་གོ་གནས་ཕབ་སྟེ། ཐང་སུད་ཙུང་གོང་མར་བསྐོས་ཤིང་དེ་ཡང་ལོ་བདུན་ལས་མ་སོང་བར་གོ་གནས་ཕབ་སྟེ་སྤྱི་ལོ༦༩༠ལོ་ནས་རང་ཉིད་ཀྱིས་དངོས་སུ་གོང་མ་བྱས། རྒྱལ་ཡོངས་སུ་གསང་བའི་ཉེན་རྟོག་པ་མང་པོ་དང། བཙོན་ཁང་ཆེན་པོ་མང་པོ་བཙུགས་པ་སོགས་བྱས་རྐྱེན་བོད་ཀྱི་ལོ་རྒྱུས་སུ་རྒྱལ་མོ་འུ་ཛེ་ཐན་ནི་གདུག་རྩུབ་ཤིན་ཏུ་ཆེ་བའི་གྲས་སུ་རྩིས་ཀྱི་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཐང་རྒྱལ་རབས་ཀྱི་གོང་མ་དྲུག་པ་རྒྱལ་མོ་འུ་ཛི་ཐེན (༦༢༤ནས༧༠༥) ཀྲུང་གོའི་ལོ་རྒྱུས་ཐོག་བུད་མེད་ཀྱིས་རྒྱ་ནག་གོང་མ་བྱས་པའི་དཔེ་མཚོན་ཞིག་ཡིན་ཞིང་། སྤྱི་ལོ༦༩༠ནས༧༠༥ལོ་བར་སྲིད་དབང་བཟུང་ཧྲན་ཤིས་ལེན་ཧྲུའི་ཏུང་གི་མི་ཡིན། ལོ་བཅུ་བཞི་ལ་སླེབས་སྐབས་གོང་མ་ཐང་ཐའི་ཙུང་གི་ཕོ་བྲང་ནང་གི་བཙུན་མོའི་འཁོར་བྱས། གོང་མ་ཐང་ཀའོ་ཙུང་གིས་སྲིད་དབང་བཟུང་རྗེས། སྤྱི་ལོ༦༥༥ལོར་གོང་མའི་བཙུན་མོ་བྱས། སྤྱི་ལོ༦༨༣ལོར་གོང་མ་ཐང་ཀྲུང་ཙུང་གོང་མ་བྱས་ནས་ཟླ་བ་གཉིས་ལས་མ་སོང་བར་གོ་གནས་ཕབ་སྟེ། ཐང་སུད་ཙུང་གོང་མར་བསྐོས་ཤིང་དེ་ཡང་ལོ་བདུན་ལས་མ་སོང་བར་གོ་གནས་ཕབ་སྟེ་སྤྱི་ལོ༦༩༠ལོ་ནས་རང་ཉིད་ཀྱིས་དངོས་སུ་གོང་མ་བྱས། རྒྱལ་ཡོངས་སུ་གསང་བའི་ཉེན་རྟོག་པ་མང་པོ་དང་། བཙོན་ཁང་ཆེན་པོ་མང་པོ་བཙུགས་པ་སོགས་བྱས་རྐྱེན་བོད་ཀྱི་ལོ་རྒྱུས་སུ་རྒྱལ་མོ་འུ་ཛེ་ཐན་ནི་གདུག་རྩུབ་ཤིན་ཏུ་ཆེ་བའི་གྲས་སུ་རྩིས་ཀྱི་ཡོད།
- language:
- Tibetan