Skip to main content Skip to search
'ug pa thug 'phrad
ID:
T242760
  • འུག་པ་ཐུག་འཕྲད (Tibetan, Tibetan script, Original)
    • > 'ug pa thug 'phrad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ukpa tuk tré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཟུར་མ་གཡུག་ཐབས་ཀྱི་དཔེ་དོན་སྦྱར་བ་ཞིག་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། འུག་པ་ཐུག་འཕྲད་ནི། འུག་པ་མཚན་མོ་ཟས་འཚོལ་བར་འགྲོ་བའི་ཚེ་སྟབ་སྟོབ་ཏུ་སུ་དང་ཐུག་འཕྲད་བྱུང་མ་ཐག་སེམས་ཐག་ཆོད་པོས་གནས་དེར་འཛིན་པ་ལྟར་གྱི་དཔེ་ཞིག་སྟེ། དེ་བཞིན་དུ་ཐུར་གསང་ལེགས་པར་རྙེད་པའི་ཚེ་ཐག་ཆོད་པའི་སྒོ་ནས་གནས་དེར་བརྡེག་དགོས་པའི་དོན་ནོ། །ཞེས་སོ། །

language:
Tibetan