- 'ur ka
- ID:
- T242767
- འུར་ཀ (Tibetan, Tibetan script, Original)
- > 'ur ka (Tibetan, Latin script, Transliteration-THL Extended Wylie Transliteration)
- > ur ka (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འུར་ཀ་ལ་འུར་ཐག་ཅེས་བྱ། དེ་ནི་རྡོ་འཕེན་བྱེད་ཀྱི་ཐག་པ་ལ་བྱ་དེའང་མཛུབ་མོའམ་གུང་མོ་བཀོན་ས་ལ་དཔའ་ལུང་དང་། དེ་དང་འབྲེལ་བའི་འུར་ཕག་སྟོད་ཕྱེད་ལ་ཡ་མཆོག འུར་ཐག་ཉིས་བཀུག་བྱས་པའི་དཀྱིལ་དེ་འུར་རྡོ་འཇོག་ས་ལ་འུར་མཐིལ། ཉིས་ཁུག་གི་སྨད་ཕྱེད་ལ་མ་མཆོག མ་མཆོག་གི་སྣེ་ལ་སྦྱར་བའི་སྣེ་མོ་ལ་ཚར་ལྕེ་ཟེར་ཞིང་འདིས་རྡོ་ཐད་ཀར་ང་བ་དང་ཚག་སྒྲ་སྒྲོག་པ་བཅས་ཀྱི་ནུས་པ་འདོན་ལ་རྙིང་པ་ཟད་རྗེས་སྐྱར་དུ་བརྗེ། འུར་རྡོ་ཞེས་པ་ནི། འུར་ཐག་དེར་འཕེན་རྒྱུའི་རྡོའམ་འུར་ཐག་གིས་རྡོ་འཕངས་པའི་རང་བཞིན་ལ་བྱ། འདི་ཉིད་བོད་དབང་མཛད་དྲུག་པའི་སྐབས་སུ་དར་བ་བོད་སྔ་རབས་ཀྱི་ལོ་རྒྱུས་སུ་གསལ། གླིང་གེ་སར་རྒྱལ་པའི་སྐབས་སུ་ཁོང་སྐུ་ན་ཆུང་དུས་འུར་རྡོས་བདུད་བཏུལ་ཚུལ་དང་ཨ་བྲ་བསད་ཚུལ་སོགས་ཀྱང་གླིང་སྒྲུང་དུ་ཡོད་ལ། དགྲ་ལྷའི་གོ་མཚོན་སྣ་དགུ་ལས་གཅིག་ཡིན། ད་དུང་མཚོན་ཆ་ནང་གི་སྔ་བ་ཡིན། མགྱོགས་གང་གི་ཚ་བ་ཡིན། ཐང་ལྷོད་ནང་གི་རན་པ་ཡིན། རིག་སྟོབས་ནང་འདྲེན་འབྲེལ་གནང་གི་ཆེ་བ་ཡིན།
- language:
- Tibetan