Skip to main content Skip to search
'o ze'i 'bras bu
ID:
T242792
  • འོ་ཟེའི་འབྲས་བུ (Tibetan, Tibetan script, Original)
    • > 'o ze'i 'bras bu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > o zé drebu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་བོད་ལྗོངས་ཀྱི་ཉིང་ཁྲི་དང་། སྤོ་བོ། ཆབ་མདོ། ལྷ་ས་སྐྱིད་གྲོང་སོགས་ས་ཁུལ་རྣམས་ཀྱི་མཚོ་ངོས་མཐོ་ཚད་སྨི3360མན་གྱི་རོང་དང་། ཀླུང་ཤོད་ཕལ་མོ་ཆེའི་རི་དང་། ཞིང་མུ། གྲོང་འདབས་སོགས་སུ་སྐྱེ་བའི་ཤིང་ཕུང་མཐོ་ཚད་སྨི་12ཙམ་ཟིན་པ། སྡོང་པོ་སྦོམ་ལ་རྒྱས་ཤིང་ཡལ་ག་མང་བ། ཚེར་མ་སྦོམ་པོ་ཐར་ཐོར་ཡོད་པ། ཤིང་ལྤགས་ཁམ་སྐྱ་དང་། ཡལ་ཕྲན་གསར་པ་སྔོ་ཞིང་སྨུག་ལ་སྤུ་འཇམ་ཡོད་པ། ཟླ་བ་4~6པར་མེ་ཏོག་དཀར་པོའམ་ཟིང་དམར་འདབ་མ་ལྔ་ལྡན་འཆར་ཞིང་། ཡལ་རྗེས་སྒོང་དབྱིབས་ཀྱི་ལོ་མ་མཐར་སོག་ལེའི་ཁ་ཞིབ་ཅན་རྩེ་མོ་རྣོ་ཞིང་ལོ་རྐང་ཡོད་པ་ཅུང་ཟད་རེས་མོས་ཀྱི་ཚུལ་དང་ཡལ་ཕྲན་གྱི་རྩེ་ནས་སྐྱེ་བ། ཟླ་བ8~10པར་འབྲས་བུ་ཟླུམ་རིལ་སྨིན་ནས་དམར་པོར་འགྱུར་བ་འདོགས་པ། འབྲས་བུའི་ཁྱད་པར་མ་གཏོགས་ཕལ་ཆེར་ཁམ་བུའི་ཤིང་འདྲ་བ་ཞིག་གོ། སྨན་དུ་སྦྱར་བྱ་ནི་དེའི་འབྲས་བུ། ཟླ་བ་8~10པར་སྨིན་རྗེས་བཏུས་ཏེ་སྐམ་གསེད་བྱ་བ་ཡིན་པས། རོ་མངར་སྐྱུར། ཞུ་རྗེས་སྙོམས། ནུས་པས་གློ་ནད་སེལ་ཞིང་ལུད་པ་འདྲེན།

language:
Tibetan