Skip to main content Skip to search
'og min smin cing grol ba'i gling
ID:
T242812
  • འོག་མིན་སྨིན་ཅིང་གྲོལ་བའི་གླིང (Tibetan, Tibetan script, Original)
    • > 'og min smin cing grol ba'i gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > womin min ching drolwé ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཨོ་རྒྱན་སྨིན་གྲོལ་གླིང)གསང་སྔགས་རྙིང་མའི་གདན་ས་ཆེན་པོ་གཉིས་ཀྱི་ནང་ཚན་ཨོ་རྒྱན་སྨིན་གྲོལ་སྟེ་རྩོད་མེད་ཡོངས་སུ་གྲགས་པའི་གཏེར་སྟོན་བརྒྱ་རྩའི་ནང་ཚན་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག(༡༦༧༡)ལོར་དགོན་པ་འདིའི་ཐོག་མའི་རྨང་གཞི་བཏིང་ཞིང། དེ་ནས་ལོ་ངོ་ལྔ་སོང་བའི་མེ་འབྲུག་(༡༦༧༦)ལོར་གཙུག་ལག་ཁང་ལྟེ་བ་གསར་དུ་བཏབ(དེང་སང་བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་གྲ་ཕྱི་ཆུས)བོད་ཀྱི་རབ་བྱུང་བཅུ་གཉིས་པའི་མེ་བྱ(༡༧༡༧)ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་བོད་དུ་འབྱོར་ནས་དགོན་པ་འདི་སོགས་བོད་ས་གནས་སུ་ཡོད་པའི་རྙིང་མའི་དགོན་པ་མང་ཆེ་བ་གཏོར་ཞིང། རྡོ་རྗེ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས་དང། ལོ་ཆེན་ངྷརྨ་ཤྲི་སོགས་རྙིང་མའི་བླ་ཆེན་མང་པོ་སྐུ་བཀྲོངས་པ་སོགས་གཏོར་བཤིག་ཚབས་ཆེན་བྱུང། དེ་ནས་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱས་ཀྱིས་བོད་ས་གནས་ཀྱི་སྲིད་དབང་བཟུང་རྗེས་རིམ་བཞིན་དགོན་པ་འདི་སོགས་རྙིང་མའི་དགོན་སྡེ་ཆེ་བ་རྣམས་རིམ་བཞིན་སྔར་རྒྱུན་བསྐྱར་གསོ་བྱེད་ཐུབ་པ་བྱུང་བ་ཡིན།

language:
Tibetan

2. Thupten Phuntsok Dictionary

(ཨོ་རྒྱན་སྨིན་གྲོལ་གླིང) གསང་སྔགས་རྙིང་མའི་གདན་ས་ཆེན་པོ་གཉིས་ཀྱི་ནང་ཚན་ཨོ་རྒྱན་སྨིན་གྲོལ་གླིང་སྟེ་རྩོད་མེད་ཡོངས་སུ་གྲགས་པའི་གཏེར་སྟོན་བརྒྱ་རྩའི་ནང་ཚན་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག (༡༦༧༡) ལོར་དགོན་པ་འདིའི་ཐོག་མའི་རྨང་གཞི་བཏིང་ཞིང་། དེ་ནས་ལོ་ངོ་ལྔ་སོང་བའི་མེ་འབྲུག་ (༡༦༧༦) ལོར་གཙུག་ལག་ཁང་ལྟེ་བ་གསར་དུ་བཏབ (དེང་སང་བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་གྲ་ཕྱི་ཆུས) བོད་རབ་བྱུང་བཅུ་གཉིས་པའི་མེ་བྱ (༡༧༡༧) ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་བོད་དུ་འབྱོར་ནས་དགོན་པ་འདི་སོགས་བོད་ས་གནས་སུ་ཡོད་པའི་རྙིང་མའི་དགོན་པ་མང་ཆེ་བ་གཏོར་ཞིང་། རྡོ་རྗེ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས་དང་། ལོ་ཆེན་དྷརྨ་ཤྲི་སོགས་རྙིང་མའི་བླ་ཆེན་མང་པོ་སྐུ་བཀྲོངས་པ་སོགས་གཏོར་བཤིག་ཆེན་པོ་བྱུང་། དེ་ནས་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱས་ཀྱིས་བོད་ས་གནས་ཀྱི་སྲིད་དབང་བཟུང་རྗེས་རིམ་བཞིན་དགོན་པ་འདི་རྙིང་མའི་དགོན་སྡེ་ཆེ་བ་རྣམས་རིམ་བཞིན་སྔར་རྒྱུན་བསྐྱར་གསོ་བྱེད་ཐུབ་པ་བྱུང་བ་ཡིན།

language:
Tibetan