- 'ong skor dus chen
- ID:
- T242813
- འོང་སྐོར་དུས་ཆེན (Tibetan, Tibetan script, Original)
- > 'ong skor dus chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > ong kor dü chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་ལྗོངས་ཀྱི་ཞིང་ཁུལ་དུ་དར་ཁྱབ་ཆེ་བའི་དབྱར་དུས་ཀྱི་དུས་ཆེན་ཞིག་ཡིན། དེ་ཡང་གྲོང་ཚོའི་ནང་གི་ཁྱིམ་ཚང་སོ་སོའི་སྐྱེས་པ་ཕོ་རབ་རྣམས་རྟར་བཅིབས་ནས་སྙེ་མའི་རླབས་རྒྱུན་འཕྱོ་བའི་ཞིང་པ་ཡོངས་ལ་བསྐོར་བ་བྱེད་པ་དང་། ཆོས་པ་ཚོས་ཆོས་འདོན་པ་སོགས་བྱེད་ལ། དེའི་རྗེས་ཀྱི་གཟའ་འཁོར་གཅིག་ཡས་མས་སུ་གླིང་ཁའི་སྤྲོ་སྐྱིད་གཏོང་སྲོལ་ཡོད། གྲོང་ཚོ་སོ་སོའི་ལོ་ཏོག་སྨིན་ལུགས་དང་ཚེས་ཆ་བཟང་ཞན་གྱིས་རྐྱེན་པས་དུས་ཚོད་གཏན་འཁེལ་ཞིག་མེད།
- language:
- Tibetan