Skip to main content Skip to search
'od ldan ser po
ID:
T242838
  • འོད་ལྡན་སེར་པོ (Tibetan, Tibetan script, Original)
    • > 'od ldan ser po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > öden serpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རིགས་དཀར་སེར་གཉིས་ལས་འདི་སེར་པོ་སྟེ་བོད་ལྗོངས་ཡོངས་ཀྱི་མཚོ་ངོས་མཐོ་ཚད་སྨི་2700~4200ཡུལ་གར་ཡང་ཡོད་ཅིང་། མང་ཆེ་བ་ནགས་ཚལ་དང་ཤིང་ཕྲན་གྱི་གསེབ། བྲག་ཁྲེབ། ལྡུམ་གསེབ་སོགས་ཉི་ལེན་ཆུང་སར་འཁྲུངས་ཤིང་། ངར་པ་ཤིན་ཏུ་ཕྲ་ཞིང་མཉེན་པ་འབྱར་བག་སྤུ་ཆུང་དང་བཅས་པ་སུམ་ཏིག་གི་སྡོང་པོ་དང་འདྲ་བ་ལ་ལོ་མ་ལྗང་འཇམ་སྒོར་མོ་སྙིང་དབྱིབས་སམ་རྟ་རྨིག་འདྲ་བ། རྒྱབ་ལྗང་དཀར་ཅན་ལོ་རྐང་ཕྲ་ལ་རིང་ཞིང་ཤིན་ཏུ་སྙི་བ་དང་། ངར་པའི་ངོས་སུའང་ལོ་ཕྲན་རེས་མོས་སྐྱེ་བ། ཟླ7~8པར་མེ་ཏོག་སེར་ཞིབ་འདབ་ལྔ་མདངས་ཤིན་ཏུ་གསལ་བ་འཆར་བ། རོ་ནི་མངར་ལ་ཁྲག་མཁྲིས་འཇོམས། །བཅུད་ལེན་བསྟེན་ན་ཚེ་རིང་ཞིང་། །དབང་པོ་མདངས་གསལ་སྟོབས་རྩལ་ལྡན།

language:
Tibetan