- 'od zer dam pa'i pho brang
- ID:
- T242847
- འོད་ཟེར་དམ་པའི་ཕོ་བྲང (Tibetan, Tibetan script, Original)
- > 'od zer dam pa'i pho brang (Tibetan, Latin script, Transliteration-THL Extended Wylie Transliteration)
- > özer dampé podrang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡང་《རྦ་བཞེད་ཆེན་མོ》ནང་སྤྱི་ལོ༨༤༡ལོར་རྒྱལ་པོ་ཁྲི་རལ་པ་ཅན་མལ་གྲོའི་འོད་ཟེར་དམ་པའི་ཕོ་བྲང་དུ་འབྲས་ཆང་མྱོས་པར་བཞེས་ཏེ་གཟིམས་པའི་སྐབས་དང་བསྟུན་ཏེ། བློན་པོ་སྦས་སྟག་སྣ་དང། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་མགུལ་གཅུས་ཏེ་བཀྲོངས་ཐོག གླང་དར་མ་འུ་དུམ་བཙན་ལ་སྲིད་དབང་བཟུང་དུ་བཅུག་ཅིང། སྦས་སྟག་སྣས་བློན་པོ་བྱས་ཞེས་འཁོད་པའི་ལོ་རྒྱུས་ཐོག་ཁྲི་རལ་པ་ཅན་མགུལ་གཅུས་ཏེ་བཀྲོངས་ས་འོད་ཟེར་དམ་པའི་ཕོ་བྲང་དེ་ནི་མལ་གྲོ་གུང་དཀར་རྫོང་འོད་ཟེར་རྐྱང་ཟེར་བའི་ས་གནས་དེར་དེ་སྔ་ཚེས་བཅུ་ལྷ་ཁང་ཞེས་ལྷ་ཁང་ཀ་བཞི་མ་ཞིག་དང་ཁང་བྲན་འགའ་ཞིག་ཡོད་པ་དེ་ཡིན་པར་སྣང།
- language:
- Tibetan
2. Thupten Phuntsok Dictionary
ཡང་རྦ་བཞེད་ཆེན་མོའི་ནང་སྤྱི་ལོ༨༤༡ལོར་རྒྱལ་པོ་ཁྲི་རལ་པ་ཅན་མལ་གྲོའི་འོད་ཟེར་དམ་པའི་ཕོ་བྲང་དུ་འབྲས་ཆང་མྱོས་པར་བཞེས་ཏེ་གཟིམས་པའི་སྐབས་དང་བསྟུན་ནས། བློན་པོ་སྦས་སྟག་སྣ་དང་། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་མགུལ་གཅུས་ཏེ་བཀྲོངས་ཐོག གླང་དར་མ་འུ་དུམ་བཙན་ལ་སྲིད་དབང་བཟུང་དུ་བཅུག་ཅིང་། སྦས་སྟག་སྣས་བློན་པོ་བྱས་ཞེས་འཁོད་པའི་ལོ་རྒྱུས་ཐོག་ཁྲི་རལ་པ་ཅན་མགུལ་གཅུས་ཏེ་བཀྲོངས་ས་འོད་ཟེར་དམ་པའི་ཕོ་བྲང་དེ་ནི་མལ་གྲོ་གུང་དཀར་རྫོང་འོད་ཟེར་རྐྱང་ཟེར་བའི་ས་གནས་དེར་དེ་སྔ་ཚེས་བཅུ་ལྷ་ཁང་ཞེས་ལྷ་ཁང་ཀ་བཞི་མ་ཞིག་དང་ཁང་བྲན་འགའ་ཞིག་ཡོད་པ་དེ་ཡིན་པར་སྣང་།
- language:
- Tibetan