Skip to main content Skip to search
'on rgyal sras 'jigs med ye shes grags pa
ID:
T242866
  • འོན་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པ (Tibetan, Tibetan script, Original)
    • > 'on rgyal sras 'jigs med ye shes grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ön gyalsé jikme yeshe drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ལྷ་ལུང་རྙིང་པར་རབ་བྱུང་བཅུ་གཉིས་པའི་མེ་བྱི་(༡༦༩༦)ལོར་སྐུ་འཁྲུངས། དགུང་ལོ་བཞི་ལ་འོན་ཆོས་སྡིངས་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། དེའི་ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་བློ་བཟང་ངག་དབང་འཇིགས་མེད་ཅེས་བསྩལ། མཁས་གྲུབ་བསྟན་དར་བའི་སྐུ་སྐྱེ་མདོ་སྨད་པ་དགེ་སློང་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག ཆོས་སྤྱོད། རྒྱན་འཇུག སྔགས་སྐོར་བཅས་གསན་བཞེས་མཛད། དགུང་ལོ་བརྒྱད་ལ་འོན་མངའ་རིས་གྲྭ་ཚང་དུ་ཆོས་ཞུགས་མཛད། བསྡུས་གྲྭ་དང་ཚད་མ་སོགས་ལ་གསན་སྦྱོང་གནང། དགུང་ལོ་བཅུ་བཞི་ལ་འབྲས་སྤུངས་དགོན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་སློབ་གཉེར་དང། དགུང་ལོ་བཅོ་བརྒྱད་ལ་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་བཀྲ་ཤིས་ལྷུན་པོར་ཕེབས། དགུང་ལོ་ཉི་ཤུ་ལ་པཎ་ཆེན་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བཞི་ལ་ངེས་གསང་དར་རྒྱས་གླིང་དུ་ཕེབས་ནས་སྨན་དང་རྩིས། དཀྱིལ་འཁོར་གྱི་ཐིག་རྩ་སོགས་གསན་སྦྱོང་མཛད། དགུང་ལོ་སོ་གསུམ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མདོ་སྨད་དུ་ཕེབས་ཤུལ་སྨོན་ལམ་གྱི་ཚོགས་དབུར་ལོ་བརྒྱད་རིང་ཕེབས། རྗེ་འདིས་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོ་དང། དུས་འཁོར་བ་ཡོན་ཏན་དར་རྒྱས། རྗེ་ཀུན་དགའ་ལེགས་འབྱུང་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། གསུང་རྩོམ་ཡང《རང་ལ་གྲོས་འདེབས་དང་སྙན་བསྐུལ་གྱི་རིམ་པ》ཞེས་པ་དང། 《རྗེ་བཙུན་སྒྲོལ་དཀར་ལ་བརྟེན་པའི་བརྟན་བཞུགས་དང་དེའི་བླ་རྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད》 《ལྷོ་སྒོའི་ཆོ་ག》 《དཔལ་སྣར་ཐང། རྭ་སྒྲེང། དགོན་ལུང་བྱམས་པ་གླིང་དགོན་མ་ལག་བཅས་ཀྱི་བཅའ་ཡིག》 《སྤྱས་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཆོ་ག》སོགས་དུ་མ་མཛད། དགུང་ལོ་ང་གཉིས་ལ་རྒྱུད་གྲྭར་བཞགས། སྐུ་ཚེ་གང་པོར་ཆོས་འཁོར་རྒྱ་ཆེར་བསྐོར་ནས་དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ(༡༧༥༠)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་ལྷ་ལུང་རྙིང་པར་རབ་བྱུང་བཅུ་གཉིས་པའི་མེ་བྱི (༡༦༩༦) ལོར་སྐུ་འཁྲུངས། དགུང་ལོ་བཞི་ལ་འོན་ཆོས་སྡིངས་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། དེའི་ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་བློ་བཟང་ངག་དབང་འཇིགས་མེད་ཅེས་བསྩལ། མཁས་གྲུབ་བསྟན་དར་བའི་སྐུ་སྐྱེ་མདོ་སྨད་པ་དགེ་སློང་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག ཆོས་སྤྱོད། རྒྱན་འཇུག སྔགས་སྐོར་བཅས་གསན་བཞེས་མཛད། དགུང་ལོ་བརྒྱད་ལ་འོན་མངའ་རིས་གྲྭ་ཚང་དུ་ཆོས་ཞུགས་མཛད། གསུང་རྩོམ་ཡང་རང་ལ་གྲོས་འདེབས་དང་སྙན་བསྐུལ་གྱི་རིམ་པ་ཞེས་པ་དང་། རྗེ་བཙུན་སྒྲོལ་དཀར་ལ་བརྟེན་པའི་བརྟན་བཞུགས་དང་དེའི་བླ་རྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད། ལྷོ་སྒོའི་ཆོ་ག དཔལ་སྣར་ཐང་། རྭ་སྒྲེང་། དགོན་ལུང་བྱམས་པ་གླིང་དགོན་མ་ལག་བཅས་ཀྱི་བཅའ་ཡིག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཆོ་ག་སོགས་དུ་མ་མཛད། དགུང་ལོ་ང་གཉིས་ལ་རྒྱུད་གྲྭར་བཞུགས། སྐུ་ཚེ་གང་པོར་ཆོས་འཁོར་རྒྱ་ཆེར་བསྐོར་ནས་དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ (༡༧༥༠) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1696 ལོར་ལྷ་ལུང་རྙིང་པར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1750 ལོར་སྐུ་གཤེགས། ཁོང་དགུང་ལོ་བཞི་པར་འོན་ཆོས་སྡིངས་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། ལོ་དེར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་ངག་དབང་འཇིགས་མེད་ཅེས་གནང་། དེ་ནས་མདོ་སྨད་པ་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན་ཏེ་ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད། རྒྱན་འཇུག སྔགས་བཀླག་ཐབས་བཅས་ལ་སྦྱངས་པ་མཛད། དགུང་ལོ་བརྒྱད་པར་འོན་མངའ་རིས་གྲུ་ཚང་གི་ཆོས་སྒོར་ཞུགས་ནས་བསྡུས་གཞུང་དང་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད། དགུང་ལོ་བཅུ་བཞི་པར་འབྲས་སྤུངས་སུ་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་དམིགས་སྦྱངས་མཛད། དགུང་ལོ་བཅོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བཀའ་ཆོས་གསན། དགུང་ལོ་བཅུ་[1553]དགུ་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བཞི་པར་ངེས་གསང་དར་རྒྱས་གླིང་དུ་ཕེབས་ནས་གསོ་རིག་དང་རྩིས་རིག་དཀྱིལ་འཁོར་གྱི་ཐིག་རྩ་སོགས་ལ་གསན་སྦྱོང་མཛད། དགུང་ལོ་སོ་གསུམ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མདོ་སྨད་དུ་ཕེབས་ཤུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ལོ་བརྒྱད་ཀྱི་རིང་དུ་ཕེབས། ཁོང་གིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། དུས་འཁོར་བ་ཡོན་ཏན་དར་རྒྱས། ཆོས་རྗེ་ཀུན་དགའ་ལེགས་འབྱུང་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་པས་དབང་ལུང་མན་ངག་གི་བདག་པོར་གྱུར། དགུང་ལོ་ལྔ་བཅུ་ང་གཉིས་པར་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་ཆོ་ག་ཕྱག་ལེན་དང་བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །\nཁོང་གི་གསུང་རྩོམ་ནི《ནག་རྩིས་སྐོར་མགོ》དང་། 《བཀའ་དྲིན་མཚུངས་མེད་དྲིན་ཅན་བླ་མ་རྣམས་ལ་འབུལ་བ་དང་རང་བཞིན་གྱི་གནས་ཚུལ་དྲང་པོར་བརྗོད་པ》། 《དཔལ་སྣར་ཐང་དང་། རྭ་སྒྲེང་། དགོན་ལུང་བྱམས་པ་གླིང་དགོན་མ་ལག་བཅས་ཀྱི་བཅའ་ཡིག》བཅས་ཆོས་ཚན་ཉི་ཤུ་རྩ་བརྒྱད་ལོངས་པའི་པོད་གཅིག་བཞུགས་སོ། །

language:
Tibetan