- 'on sna lcags zam
- ID:
- T242868
- འོན་སྣ་ལྕགས་ཟམ (Tibetan, Tibetan script, Original)
- > 'on sna lcags zam (Tibetan, Latin script, Transliteration-THL Extended Wylie Transliteration)
- > ön na chak zam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཐང་སྐྱའི་ཁོངས་འོན་སྣ་དགོན་པ་དང་རྫོང་ཞོལ་བར་རྒྱུགས་པའི་ལྷ་ས་གཙང་པོར་འོན་སྣ་ལྕགས་ཟམ་ཞེས་པ་ཞིག་ཡོད་པ་དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཙུགས་པར་གྲགས། ལྕགས་ཟམ་དེས་ལོ་རྒྱུས་ཐོག་ལོ་བརྒྱ་ཕྲག་འགའ་ཤས་རིང་མང་ཚོགས་ཕན་ཚུན་འགྲོ་འོང་བྱ་རྒྱུར་ཕན་ནུས་ཐོན་པའི་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན་ཡོད་ཅིང། དེ་ནི་སྔ་རབས་བོད་རིགས་མི་དམངས་ཀྱི་ངོ་མཚར་ཆེ་བའི་ལག་རྩལ་རྗེས་ཤུལ་ཞིག་ཡིན་པ་དང། དེང་སྐབས་སུའང་ཟམ་པ་དེའི་ཐོག་ཕར་ཚུར་འགྲོ་ལམ་བྱེད་མུས་ཡིན་འདུག
- language:
- Tibetan
2. Thupten Phuntsok Dictionary
བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཐང་སྐྱའི་ཁོངས་འོན་སྣ་དགོན་པ་དང་རྫོང་ཞོལ་བར་རྒྱུགས་པའི་ལྷ་ས་གཙང་པོར་འོན་སྣ་ལྕགས་ཟམ་ཞེས་པ་ཞིག་ཡོད་པ་དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཙུགས་པར་གྲགས། ལྕགས་ཟམ་དེས་ལོ་རྒྱུས་ཐོག་ལོ་བརྒྱ་ཕྲག་འགའ་ཤས་རིང་མང་ཚོགས་ཕན་ཚུན་འགྲོ་འོང་བྱ་རྒྱུར་ཕན་ནུས་ཐོན་པའི་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན་ཡོད་ཅིང་། དེ་ནི་སྔ་རབས་བོད་རིགས་མི་དམངས་ཀྱི་ངོ་མཚར་ཆེ་བའི་ལག་རྩལ་རྗེས་ཤུལ་ཞིག་ཡིན་པ་དང་། དེང་སྐབས་སུའང་ཟམ་པ་དེའི་ཐོག་ཕར་ཚུར་འགྲོ་ལམ་བྱེད་མུས་ཡིན་འདུག
- language:
- Tibetan