Skip to main content Skip to search
'ol kha bsgyur
ID:
T242878
  • འོལ་ཁ་བསྒྱུར (Tibetan, Tibetan script, Original)
    • > 'ol kha bsgyur (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ol kha gyur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྫིང་ཆུ་འོལ་ཁའམ་འོལ་ཀའི་ནང་དུ་དྲངས་ནས་གཞན་དུ་ཁ་བསྒྱུར་པ་ལྟར་བྱ་དགོས་པའི་དཔེ་དོན་སྦྱར་བའི་ནད་བཅོས་ཐབས་ཤིག་གི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། འོལ་ཁ་བསྒྱུར་ནི། གཞན་དུ་ཁ་བསྒྱུར་བའི་དོན་ཏེ། དཔེར་ན་རྫིང་བུའི་ཆུ་སྐེམ་མ་ཐུབ་ན་འོལ་ཁའི་ནང་དུ་དྲངས་ནས་གཞན་དུ་ཁ་བསྒྱུར་དགོས་པ་ལྟར་དམུ་ཆུའི་ཆུ་འདྲེན་མ་ཐུབ་པ་ལ་ཕོ་བའི་མེ་དྲོད་གསོ་བ་དང་། སྣ་ཁྲག་མ་ཆོད་པ་ལ་རྩེའུ་ཆུང་གཏར་བ། རྩ་ལ་མཚོན་ཕོག་ནས་ཁྲག་མ་ཆོད་ན་དེའི་རྩ་རྒྱུད་གོང་འོག་ལ་གཏར་ག་བྱ་བ་ལྟ་བུ་ལའོ། །ཞེས་སོ།

language:
Tibetan