- ya mon 'phrul bzo khang
- ID:
- T242912
- ཡ་མོན་འཕྲུལ་བཟོ་ཁང (Tibetan, Tibetan script, Original)
- > ya mon 'phrul bzo khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > ya mön trul zo khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་དམག་མཁོའི་ཡོ་བྱད་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་ཞིག་སྟེ་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་(༡༩༡༤)ལོར་གསར་དུ་བཙུགས་ཏེ་དོ་དམ་མཁན་དྲུང་རྨེ་རུ་ཏཱ་བླ་མ་དང་བྷྲུམ་པ་སྲས་གཉིས་བསྐོ་གཞག་ཐོག་ལས་བྱ་མགྲོན་ལས་གཉིས་དང་དྲུང་དཀྱུས་སེར་སྐྱ་གཉིས། རྩེ་ཤོད་གཉེར་ནང་དྲུག་ཡོད་པ་དང་། ལྕགས་ཤིང་གཉིས་ཀྱི་དབུ་ཆེན་དབུ་ཆུང་གཙོས་ལག་ཤེས་བཟོ་ལས་ཁོངས་ནས་ཞོལ་འདོད་དཔལ་གྱི་དབུ་ཆེ་ཆུང་ཕུད་དེ་བྱིངས་ལག་ཤེས་དྲག་གྲས་མི་གྲངས་བརྒྱད་ཅུ་སྐོར་ནས་གྲིབ་མདར་བཟོ་གྲྭ་ཁག་གཅིག་བཙུགས་ཏེ་ཐོག་མར་བོད་རྫས་དང་། མདེའུ། སྟ་རེ། མདུང་སོགས་བཟོས་པ་མ་ཟད། ཤིང་འབྲུག་དབྱིན་འགོག་དམག་འཁྲུག་གི་སྐབས་སུ་སྤྱོད་པའི་འཕྲུལ་མདའ་གྲིབ་ཡང་ཆང་ཟེར་བ་དང་མེ་སྒྱོགས་འཁོར་ལོ་ཅན་ཡང་བཟོ་གྲྭ་འདིས་བཟོས་པ་ཡིན་འདུག། རྗེས་སུ་ལྕགས་སྤྲེལ(༡༩༢༠)ལོར་གྲོ་སྟོད་ནོར་བུ་མཚོ་སྐྱིད་དུ་འཕྲུལ་འཁོར་འདོན་འདྲེན་གྱིས་བཟོ་གྲྭ་ཁག་གཅིག་བཙུགས་ཏེ་ཟངས་ཀྱི་པད་ཤག་ཞོ་གང་དང། སྐར་ཕྱེད་བརྒྱད། སྐར་ལྔ། སྐར་ཕྱེད་གསུམ་སོགས་དང། ཟངས་དང་ལྕགས་ཀྱི་དངོས་རྫས་སྒྲིག་སྦྱོར་པར་འདེབས་དང་འཇམ་ཧྲོབ་ཚགས་སོགས་བརྒྱབ་སྟེ་མཁོ་འདོན་བྱེད་མྱོང་ཡོད་ལགས།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་དམག་མཁོའི་ཡོ་བྱེད་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་ཞིག་སྟེ་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་སྤྱི་ལོ (༡༩༡༤) ལོར་གསར་དུ་བཙུགས་ཏེ་དོ་དམ་མཁན་དྲུང་རྨེ་རུ་ཏཱ་བླ་མ་དང་བྷྲུམ་པ་སྲས་གཉིས་བསྐོ་གཞག་ཐོག་ལས་བྱ་མགྲོན་ལས་གཉིས་དང་དྲུང་དཀྱུས་སེར་སྐྱ་གཉིས། རྩེ་ཤོད་གཉེར་ནང་དྲུག་ཡོད་པ་དང་། ལྕགས་ཤིང་གཉིས་ཀྱི་དབུ་ཆེན་དབུ་ཆུང་གཙོས་ལག་ཤེས་བཟོ་ལས་ཁོངས་ནས་ཞོལ་འདོད་དཔལ་གྱི་དབུ་ཆེ་ཆུང་ཕུད་དེ་བྱིངས་ལག་ཤེས་དྲག་གྲས་མི་གྲངས་བརྒྱད་ཅུ་སྐོར་ནས་གྲིབ་མདར་བཟོ་གྲྭ་ཁག་གཅིག་བཙུགས་ཏེ་ཐོག་མར་བོད་རྫས་དང་། མདེའུ། སྟྭ་རེ། མདུང་སོགས་བཟོ་པ་མ་ཟད། ཤིང་འབྲུག་དབྱིན་འགོག་དམག་འཁྲུག་གི་སྐབས་སུ་སྤྱོད་པའི་འཕྲུལ་མདའ་གྲིབ་ཡང་ཆང་ཟེར་བ་དང་མེ་སྒྱོགས་འཁོར་ལོ་ཅན་ཡང་བཟོ་གྲྭ་འདིས་བཟོས་པ་ཡིན་འདུག རྗེས་སུ་ལྕགས་སྤྲེལ་སྤྱི་ལོ (༡༩༢༠) ལོར་གྲོ་སྟོད་ནོར་བུ་མཚོ་སྐྱིད་དུ་འཕྲུལ་འཁོར་འདོན་འདྲེན་གྱིས་བཟོ་གྲྭ་ཁག་གཅིག་བཙུགས་ཏེ་ཟངས་ཀྱི་པད་ཤག་ཞོ་གང་དང་། སྐར་ཕྱེད་བརྒྱད། སྐར་ལྔ། སྐར་ཕྱེད་གསུམ་སོགས་དང་། ཟངས་དང་ལྕགས་ཀྱི་དངོས་རྫས་སྒྲིག་སྦྱོར་པར་འདེབས་དང་འཇམ་ཧྲོམ་ཚགས་སོགས་བརྒྱབ་སྟེ་མཁོ་འདོན་བྱེད་མྱོང་ཡོད་ལགས།
- language:
- Tibetan