Skip to main content Skip to search
ya rtse dzum lang gi rgyal rabs
ID:
T242913
  • ཡ་རྩེ་ཛུམ་ལང་གི་རྒྱལ་རབས (Tibetan, Tibetan script, Original)
    • > ya rtse dzum lang gi rgyal rabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ya tsé dzum lang gi gyalrab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ན་ག་ལྡེའི་སྲས་བཙུན་ཕྱུག་ལྡེས་ཡ་རྩེའི་མངའ་བདག་མཛད་པ་ནས་ཡ་རྩེ་ཛུམ་ལང་གི་རྒྱལ་བརྒྱུད་བྱུང། དེང་སང་བལ་པོའི་མངའ་ཁོངས་སུ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས། རྒྱལ་པོ་བི་ཀྲ་མ་ཤ་དང་དེའི་སྲས་ན་ར་སིང་ཧ་ཞེས་པའི་བར་ལོ་ལྔ་བརྒྱ་ཙམ་གྱི་རིང་ཐུབ་བའི་བསྟན་པ་སྤྱི་བོར་མཆོད། འདི་ལའང་ཛུམ་ལང་(ལི)རཱ་ཛ། ནར་ལང་རཱ་ཛ། ཁ་ལོ་རཱ་ཛ། གུ་ཡེ་རཱ་ཛ་སོགས་སྤུན་མཆེད་ལྔ་ལས་རྒྱལ་རྒྱུད་གྱེས་པ་རྣམས་སྤྱིར་ནང་བསྟན་དང། སྒོས་སུ་འབྲི་གུང་པའི་སྦྱིན་བདག་གཙོ་བོ་ཡིན་ཅིང། རྒྱལ་པོ་ན་ར་སིང་ཧས་ཀྱང་ནང་བསྟན་ལ་མཆོད་བཀུར་ཆེ། དེ་རྗེས་རྒྱལ་པོ་ཀཉྫ་དང། བྷི་ཥྞཱ་རཱ་ཛ་ཞེས་སོགས་བྱུང་བ་རྣམས་ལྷ་དབང་ཕྱུག་དང། ལྷ་མོ་ཨུ་མ། ཁྱབ་འཇུག་སོགས་ལྷར་བསྟེན་ནས་མུ་སྟེགས་པའི་ཆོས་ལུགས་བཟུང་སྟེ་འབངས་ལ་མནར་གཅོད་ཆེ། རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་(༡༨༠༡)ལོར་བལ་ཡུལ་གྱི་རྒྱལ་པོ་གོར་ཥ་རཱ་ཛ་ཎ་བྷ་དུར་གྱིས་ཛུམ་ལང་བཙན་བཟུང་བྱས་ཏེ་འབངས་སུ་བཙུད། རྒྱལ་པོའི་དབང་ཆ་ཤོར་ཡང་རྒྱལ་བརྒྱུད་ཙམ་ད་ལྟའང་ཡོད་སྐད། ཞིབ་པར་ཤེས་འདོད་ན《གསེར་ཐོག་པ་རིན་རྡོར་གྱིས་བྲིས་པའི་ཡིག་ཚང》ཞེས་པ་ཞིག་ཡོད་སྐད་ལ་དེ་རྩད་གཅོད་བྱ་དགོས།

language:
Tibetan

2. Thupten Phuntsok Dictionary

ན་ག་ལྡེའི་སྲས་བཙུན་ཕྱུག་ལྡེས་ཡ་རྩེའི་མངའ་བདག་མཛད་པ་ནས་ཡ་རྩེ་ཛུམ་ལང་གི་རྒྱལ་བརྒྱུད་བྱུང་། དེང་སང་བལ་པོའི་མངའ་ཁོངས་སུ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས། རྒྱལ་པོ་བི་ཀྲ་མ་ཤ་དང་དེའི་སྲས་ན་ར་སིང་ཧ་ཞེས་པའི་བར་ལོ་ལྔ་བརྒྱ་ཙམ་གྱི་རིང་ཐུབ་པའི་བསྟན་པ་སྤྱི་བོར་མཆོད། འདི་ལའང་ཛུམ་ལང (ལི) རཱ་ཛ། ནར་ལང་རཱ་ཛ། ཁ་ལོ་རཱ་ཛ། གུ་ཡེ་རཱ་ཛ་སོགས་སྤུན་མཆེད་ལྔ་ལས་རྒྱལ་རྒྱུད་གྱེས་པ་རྣམས་སྤྱིར་ནང་བསྟན་དང་། སྒོས་སུ་འབྲི་གུང་པའི་སྦྱིན་བདག་གཙོ་བོ་ཡིན་ཅིང་། རྒྱལ་པོ་ན་ར་སིང་ཧས་ཀྱང་ནང་བསྟན་ལ་མཆོད་བཀུར་ཆེ། དེ་རྗེས་རྒྱལ་པོ་ཀཉྫ་དང་། བྷི་ཎཱཾ་རྭ་ཛ་ཞེས་སོགས་བྱུང་བ་རྣམས་ལྷ་དབང་ཕྱུག་དང་། ལྷ་མོ་ཨུ་མ། ཁྱབ་འཇུག་སོགས་ལྷར་བསྟེན་ནས་མུ་སྟེགས་པའི་ཆོས་ལུགས་བཟུང་སྟེ་འབངས་ལ་མནར་གཅོད་ཆེ། རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་སྤྱི་ལོ (༡༨༠༡) ལོར་བལ་ཡུལ་གྱི་རྒྱལ་པོ་གོར་ཥ་རཱ་ཛ་ནན་བྷ་དུར་གྱིས་ཛུམ་ལང་བཙན་བཟུང་བྱས་ཏེ་འབངས་སུ་བཙུད། རྒྱལ་པོའི་དབང་ཆ་ཤོར་ཡང་རྒྱལ་བརྒྱུད་ཙམ་ད་ལྟའང་ཡོད་སྐད། ཞིབ་པར་ཤེས་འདོད་ན་གསེར་ཐོག་པ་རིན་རྡོར་གྱིས་བྲིས་པའི་ཡིག་ཚང་ཞེས་པ།

language:
Tibetan