- yang log kun rdzob gnyis
- ID:
- T242964
- ཡང་ལོག་ཀུན་རྫོབ་གཉིས (Tibetan, Tibetan script, Original)
- > yang log kun rdzob gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > yang lok kündzob nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུ་མ་རང་རྒྱུད་པས། ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ནི་སྣང་བ་ལྟར་དུ་གྲུབ་པར་འདོད་པས་ཤེས་པ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར་ཡུལ་ཅན་ལ་ཡང་ལོག་གཉིས་སུ་མི་ཕྱེ་ཡང། ཡུལ་ལ་སྣང་བ་ལྟར་དོན་བྱེད་ནུས་དང་མི་ནུས་ཀྱི་སྒོ་ནས་ཡང་ལོག་གཉིས་སུ་འབྱེད་དོ། །ཐལ་འགྱུར་བའི་ལུགས་ལ། ཀུན་རྫོབ་པའི་ཡུལ་ཡུལ་ཅན་གང་དུའང་ཡང་ལོག་གཉིས་སུ་འབྱེད་དེ། ཡང་དག་ཀུན་རྫོབ་མེད་པའི་ཕྱིར་ཏེ། ཀུན་རྫོབ་ཡིན་ན་ལོག་པ་ཡིན་དགོས་པའི་ཕྱིར་ཏེ། ཀུན་རྫོབ་པའི་ཆོས་ཐམས་ཅད་ནི་ཐ་སྙད་ཙམ་དུའང་གནས་ཚུལ་གཞན་དུ་གནས་ནས་སྣང་ཚུལ་གཞན་དུ་སྣང་བའི་རྫུན་པ་ཡིན་པས་ཁྱབ་པས་ན་དབང་པོའི་ཤེས་པ་རྣམས་ཀྱང་རང་ཡུལ་འཁྲུལ་ཞིང། མ་འཁྲུལ་བའི་ཆ་གཞན་ཡང་མེད་པས་ན་ཀུན་རྫོབ་པའི་ཡུལ་ཡུལ་ཅན་གང་ལའང་ཡང་ལོག་གཉིས་སུ་མི་འབྱེད་དོ། །མདོར་ན་རང་རྒྱུད་པས་ཡང་དག་ཀུན་རྫོབ་འཇོག་པའང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པ་ལ་ཐུག་ཅིང། ཐལ་འགྱུར་བས་ཡང་ དག་ཀུན་རྫོབ་ཁས་མི་ལེན་པའང་ཐ་སྙད་དུའང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་བཞེད་པའི་གནད་དེར་ཐུག་པ་ཡིན་ཞེས་གསུངས་སོ། །འོན་ཀྱང་ཐལ་འགྱུར་བས་འཇིག་རྟེན་ཤེས་པ་ལྷན་སྐྱེས་རགས་པའི་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་འབྱེད་དེ། སྤྱིར་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཤེས་པ་ཡུལ་དང་བཅས་པ་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་དང། དེས་བསླད་པའི་ཤེས་པ་ཡུལ་དང་བཅས་པ་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པའི་ཀུན་རྫོབ་ཡིན། མཚན་གཞི་ནི། གཟུགས་དང་གཟུགས་འཛིན་མིག་ཤེས་ལྟ་བུ་དང་པོ་དང། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དང་གཟུགས་བརྙན་དེ་འཛིན་པའི་ཤེས་པ་ལྟ་བུ་གཉིས་པ་ཡིན་ནོ། །འཇུག་པ་ལས་མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ།དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །ཞེས་སོ།།
- language:
- Tibetan
2. Thupten Phuntsok Dictionary
དབུ་མ་རང་རྒྱུད་པས། ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ནི་སྣང་བ་ལྟར་དུ་གྲུབ་པར་འདོད་པས་ཤེས་པ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར། ཡུལ་ཅན་ལ་ཡང་ལོག་གཉིས་སུ་མི་ཕྱེ་ཡང་། ཡུལ་ལ་སྣང་བ་ལྟར་དོན་བྱེད་ནུས་དང་མི་ནུས་ཀྱི་སྒོ་ནས་ཡང་ལོག་གཉིས་སུ་འབྱེད་དོ། །ཐལ་འགྱུར་བའི་ལུགས་ལ། ཀུན་རྫོབ་པའི་ཡུལ་ཡུལ་ཅན་གང་དུའང་ཡང་ལོག་གཉིས་སུ་མི་འབྱེད་དོ། །
- language:
- Tibetan