- yan lag lnga 'dzin ma'i gzhir phab pa'i phyag
- ID:
- T242982
- ཡན་ལག་ལྔ་འཛིན་མའི་གཞིར་ཕབ་པའི་ཕྱག (Tibetan, Tibetan script, Original)
- > yan lag lnga 'dzin ma'i gzhir phab pa'i phyag (Tibetan, Latin script, Transliteration-THL Extended Wylie Transliteration)
- > yenlak nga dzinmé shyir pabpé chak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་སྟེ། སྤྱིར་སངས་རྒྱས་ཆོས་ལུགས་ཀྱི་ཕྱག་འཚལ་ཚུལ་ལ་གསུམ་སྟེ། ༡.ལག་པ་གཉིས་སྙིང་ཁར་ཐལ་མོ་སྦྱོར་བ་ཙམ་གྱི་ཕྱག་འཚལ་ཚུལ་དང། ༢.ཡན་ལག་ལྔ་ས་ལ་རེག་པའི་ཕྱག་འཚལ་ཚུལ་ཏེ་དེང་སང་བསྐུམས་ཕྱག་ཏུ་གྲགས་པ། ༣.ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་སྟེ་དེང་སང་བརྐྱངས་ཕྱག་ཏུ་གྲགས་པ་དང་བཅས་གསུམ་ཡོད་པའི་ནང་ནས་སྐབས་འདིའི་ཡན་ལག་ལྔ་འཛིན་མའི་གཞིར་ཕབ་པའི་ཕྱག་ཅེས་པ་ནི་གཉིས་པ་དེ་ཡིན་ནོ། །
- language:
- Tibetan
2. Thupten Phuntsok Dictionary
ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་སྟེ། སྤྱིར་སངས་རྒྱས་ཆོས་ལུགས་ཀྱི་ཕྱག་འཚལ་ཚུལ་ལ་གསུམ་སྟེ། (1)ལག་པ་གཉིས་སྙིང་ཁར་ཐལ་མོ་སྦྱོར་བ་ཙམ་གྱི་ཕྱག་འཚལ་ཚུལ་དང་། (2)ཡན་ལག་ལྔ་ས་ལ་རེག་པའི་ཕྱག་འཚལ་ཚུལ་ཏེ་དེང་སང་བསྐུམས་ཕྱག་ཏུ་གྲགས་པ། (3)ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་སྟེ་དེང་སང་བརྐྱངས་ཕྱག་ཏུ་གྲགས་པ་དང་བཅས་གསུམ་ཡོད་པའི་ནང་ནས་སྐབས་འདིའི་ཡན་ལག་ལྔ་འཛིན་མའི་གཞིར་ཕབ་པའི་ཕྱག་ཅེས་པ་ནི་གཉིས་པ་དེ་ཡིན་ནོ། །
- language:
- Tibetan