Skip to main content Skip to search
yan lag rlung lnga
ID:
T243003
  • ཡན་ལག་རླུང་ལྔ (Tibetan, Tibetan script, Original)
    • > yan lag rlung lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yenlak lung nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུས་ཀྱི་འཁོར་ལོ་ནས་གསུངས་པའི་རྩ་བའི་རླུང་དང་། ཡན་ལག་གི་རླུང་གཉིས་དབྱེ་བའི་ཡ་གྱལ་ཀླུ་དང་། རུས་སྦལ། རྩངས་པ། ལྷས་སྦྱིན། ནོར་རྒྱས་བཅས་ཡན་ལག་གི་རླུང་ལྔའི་བསྡུས་མིང་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོའི་ནང་གི་དོན་ལས། བདེན་བྲལ་རྒྱབ་ཕྱོགས་རླུང་མཚམས་དང་། གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། ཀླུ་ཡི་གཟུགས་འཛིན་ལུས་སྒེག་བྱེད། རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱོད། རྩངས་པས་དྲི་འཛིན་ཁྲོ་འཁྲུག་བྱེད། ལྷས་སྦྱིན་རོ་འཛིན་གླལ་བ་བྱེད། ནོར་རྒྱས་རེག་འཛིན་ལུས་འདི་ལ། ཤི་ནས་མ་འཐོར་བར་དུ་གནས། ཞེས་གསུངས་པ་ལྟར་རོ། །

language:
Tibetan