- yabak+Sha ra
- ID:
- T243018
- ཡབཀྵ་ར (Tibetan, Tibetan script, Original)
- > yabak+Sha ra (Tibetan, Latin script, Transliteration-THL Extended Wylie Transliteration)
- > yabksha(?) ra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ལྗོངས་ཡོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན་ཞིང་། ཕལ་ཆེར་ཉི་མ་རྒྱལ་ཆེར་མི་འཆར་བའི་བྲག་ཕུག་གམ། ས་དོང་སོགས་སུ་ཆགས་ཤིང་། སའི་ཁར་ཡོད་པ་རྣམས་མཁའ་རླུང་རྒྱུན་རིང་ཕོག་པས་དཀར་ཕྱེ་བ་ཚྭ་ལྟ་བུར་གྱུར་པ། ཁྱད་རྟགས་བཅང་ན་གངས་ཀྱི་རྡོག་པོ་བཅངས་པ་ལྟར་ཁྲུག་ཁྲུག་གི་སྒྲ་སྒྲོག་པ། སྲ་ཚད་༡.༥དང་བསྡུར་ལྗིད་ཁེ་༡.༤༨ཡོད་པ། ཆུར་འཇུག་སླ་ཞིང་། ཨ་རག་ཉིང་ཁུའི་ (ཆུ་མ་འདྲེས་པ) ནང་དུ་མི་འཇུ་བ། མཁའ་རླུང་ནང་ཡུན་དུ་བཞག་ན་སླར་ཆུ་མེད་པའི་ཕྱེ་མ་དཀར་པོར་འགྱུར་བ། མྱང་ན་ཁ་ཞིང་ལན་ཚ་ལ་བསིལ་ཉམས་ཅན་ཁར་འཇུ་བ་བཅས་སོ། །རོ་མངར་ཁ་ལན་ཚ། ཞུ་རྗེས་དྲོད། ནུས་པས་ཕོ་བའི་དྲོད་སྐྱེད། ཟས་འཇུ། སྐྲན་བཤིག དྲི་མ་འགགས་པ་འབྱིན་ཞིང་ནད་རྣམས་སྦྱོངས།
- language:
- Tibetan