- yar steng dgon
- ID:
- T243035
- ཡར་སྟེང་དགོན (Tibetan, Tibetan script, Original)
- > yar steng dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > yar teng gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ཇོ་མོ་དགོན་པ་ཞིག་ཡིན། རབ་བྱུང་བཅོ་ལྔ་པའི་མཇུག་ཙམ་ན་བྲག་དཀར་བླ་མ་བློ་བཟང་དཔལ་ལྡན་གྱི་སློབ་མ་འཇམ་དབྱངས་ཞུ་བའི་བླ་མ་ཞིག་གིས་བཏབས། སྐབས་དེར་ཆོས་སྒར་རི་ཁྲོད་ཟེར། དེ་རྗེས་བླ་མ་འཇམ་དབྱངས་ཀྱི་སློབ་མ་ཨ་ནེ་ཚེ་རིང་དཔལ་མོ་དང་། བློ་བཟང་ཆོས་སྐྱིད་སོགས་ཀྱིས་ཆོས་སྒར་དེ་རི་འདབས་སུ་སྤོས་ནས་ལྷ་ཁང་ཞིག་བཞེངས། དམངས་གཙོ་བཅོས་བསྒྱུར་སྐབས་དགོན་པ་དེ་རྩ་བ་ནས་བརླགས་པའི་ཤུལ་ན་དཀར་རག་སྡེ་ལུང་བསྟན་བཞིན་ཡར་སྟེང་དགོན་པ་བཏབས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་ཡོད།
- language:
- Tibetan