Skip to main content Skip to search
yar stod sprul sku nam mkha' bkra shis
ID:
T243036
  • ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས (Tibetan, Tibetan script, Original)
    • > yar stod sprul sku nam mkha' bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yar tö tulku namkha tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུས་རབས་བཅུ་དྲུག་པའི་དུས་འགོ་ཙམ་ལ་ལྷོ་ཁ་ཡར་སྟོད་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་ཆོས་དང་རིག་གནས་ལ་སྦྱངས། སྐུ་གཞོན་ནུའི་དུས་ཨེ་ལ་བྱོན་ནས་སྐལ་ལྡན་ཤར་ཕྱོགས་པ་དཀོན་མཆོག་ཕན་བདེ་བྱ་བ་སློབ་དཔོན་དུ་བསྟེན་ནས་སྨན་བྲིས་ཀྱི་ལག་རྒྱུན་བསླབས་ཤིང་བྲིས་ལ་མངའ་བརྙེས། དེ་རྗེས་མཚུར་ཕུ་རུ་བཞུགས་རིང་མིང་རྒྱལ་རབས་ཀྱི་ཉིན་ཐང་ཚོན་བྲིས་མ་ཡུག་དྲིལ་ཆེན་མོ་ཞེས་པར་གཟིགས་པའི་གོ་སྐབས་ཐོབ་སྟེ་བློ་སྒོ་ཕྱེ་ནས་སྒར་བྲིས་ཞེས་པའི་རི་མོའི་གྲུབ་མཐའ་གསར་པ་ཞིག་སྲོལ་བཏོད་པའོ། །

language:
Tibetan