Skip to main content Skip to search
yas gtong ba
ID:
T243064
  • ཡས་གཏོང་བ (Tibetan, Tibetan script, Original)
    • > yas gtong ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yé tongwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(མདོས་གླུད)ཆོས་ལུགས་ཀྱི་བྱེད་སྒོ་ལ་བརྟེན་ནས་གདོན་འདྲེའི་གནོད་པ་བཟློག་པའི་ཐབས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་འབྲས་བུའི་བོན་རིགས་ལྔ་དང་རྒྱུའི་བོན་རིགས་བཞི་དར་བའི་ནང་ནས་འཕྲུལ་གཤེན་བལ་ཚོན་ཅན་གྱིས་མི་ཕྱུགས་ལ་གནོད་པ་གཏོང་བའི་གདོན་འདྲེར་མི་ཕྱྭགས་ཀྱི་སྲོག་ཚབ་ཏུ་བལ་སྐུད་ཚོན་སྣ་ལྔ་པ་ལས་བསླས་པའི་ཁང་བཟང་གི་ནང་དུ་བག་ཟན་ལས་བཟོས་པའི་གླུད་ལ་ཆས་གོས་གཡོགས་ཏེ་བཏང་བའི་བྱ་ཐབས་ཤིག་ཡོད་པ་རྗེས་སུ་སངས་རྒྱས་ཆོས་ལུགས་པས་ནང་དོན་བསྒྱུར་ནས་རྣམ་པ་རང་སོར་བཞག་ཏེ་རང་རང་སོ་སོའི་ཆོས་ལུགས་དང་མཐུན་པའི་རྒྱལ་མདོས། བཙན་མདོས། སྲིད་པའི་མདོས་ཆེན་སོགས་ཀྱི་གཞུང་མང་པོ་བརྩམས་ཡོད།

language:
Tibetan

2. Thupten Phuntsok Dictionary

(མདོས་གླུད) ཆོས་ལུགས་ཀྱི་བྱེད་སྒོ་ལ་བརྟེན་ནས་གདོན་འདྲེའི་གནོད་པ་བཟློག་པའི་ཐབས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་འབྲས་བུའི་བོན་རིགས་ལྔ་དང་རྒྱུའི་བོན་རིགས་བཞི་དར་བའི་ནང་ནས་འཕྲུལ་གཤེན་བལ་ཚོན་ཅན་གྱིས་མི་ཕྱུགས་ལ་གནོད་པ་གཏོང་བའི་གདོན་འདྲེར་མི་ཕྱུགས་ཀྱི་སྲོག་ཚབ་ཏུ་བལ་སྐུད་ཚོན་སྣ་ལྔ་པ་ལས་བསླས་པའི་ཁང་བཟང་གི་ནང་དུ་བག་ཟན་ལས་བཟོས་པའི་གླུད་ལ་ཆས་གོས་གཡོགས་ཏེ་བཏང་བའི་བྱ་ཐབས་ཤིག་ཡོད་པ་རྗེས་སུ་སངས་རྒྱས་ཆོས་ལུགས་པས་ནང་དོན་བསྒྱུར་ནས་རྣམ་པ་རང་སོར་བཞག་ཏེ་རང་རང་སོ་སོའི་ཆོས་ལུགས་དང་མཐུན་པའི་རྒྱལ་མདོས། བཙན་མདོས། སྲིད་པའི་མདོས་ཆེན་སོགས་ཀྱི་གཞུང་མང་པོ་བརྩམས་ཡོད།

language:
Tibetan