Skip to main content Skip to search
yi ge'i rigs
ID:
T243095
  • ཡི་གེའི་རིགས (Tibetan, Tibetan script, Original)
    • > yi ge'i rigs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yigé rik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་བཤད་པ་མང་པོའི་ནང་ཡིག་རིགས་དྲུག་ཅུ་རྩ་བཞི་དང་དྲུག་ཅུ་རྩ་བདུན་སོགས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་དང། དེ་འདྲེན་ཚུལ་ལ་ཡང། བཀའ་འགྱུར་རྒྱལ་རྩེ་ཐེམ་སྤངས་མ་དང། ཚལ་པ་བཀའ་འགྱུར། སྟག་ཚང་ལོ་ཙཱ་བའི《རིག་གནས་ཀུན་ཤེས》ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི《རྩིས་དཀར་ནག་གི་དྲིས་ལན》སོགས་ལས་གསུང་ཚུལ་མི་འདྲ་བ་ཡོད་པ་དང། ཡིག་རིགས་དྲུག་ཅུ་རྩ་བཞིའི་ནང་ནས་དེང་སང་བྲིས་རྒྱུན་ཡོད་པ། ལཉྪ་ལ་ཁོང་སེང་མ་དང་ཤ་ཆེན་གཉིས། ངྷ་རི་ཀ་ལ་ཡིག་གཟུགས་མི་འདྲ་བ་ལྔ། ན་ག་རའི་ཡི་གེ་རིགས་མི་འདྲ་བ་དྲུག་ཝརྟུ་ལ་དང། རྒྱ་མཚོ་མཐའ། ཀརྨི་རའི་ཡི་གེ་སོགས་སོ། །

language:
Tibetan

2. Thupten Phuntsok Dictionary

ཡི་གེའི་ནང་ཡིག་རིགས་དྲུག་ཅུ་རྩ་བཞི་དང་དྲུག་ཅུ་རྩ་བདུན་སོགས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་དང་། དེ་འདྲེན་ཚུལ་ལ་ཡང་། བཀའ་འགྱུར་རྒྱལ་རྩེ་ཐེམ་སྤངས་མ་དང་། ཚལ་པ་བཀའ་འགྱུར། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་རྩིས་དཀར་ནག་གི་དྲིས་ལན་སོགས་ལས་གསུང་ཚུལ་མི་འདྲ་བ་ཡོད་པ་དང་། ཡིག་རིགས་དྲུག་ཅུ་རྩ་བཞིའི་ནང་ནས་དེང་སང་བྲིས་རྒྱུན་ཡོད་པ། ལཉྪར་ཁོང་སེང་མ་དང་ཤ་ཆེན་གཉིས། དྷ་རི་ཀ་ལ་ཡིག་གཟུགས་མི་འདྲ་བ་ལྔ། ན་ག་རའི་ཡི་གེ་རིགས་མི་འདྲ་བ་དྲུག ཝརྟུལ་དང་། རྒྱ་མཚོ་མཐའ། ཀརྨི་རའི་ཡི་གེ་སོགས་སོ། །

language:
Tibetan