- yi dwags gdon
- ID:
- T243097
- ཡི་དྭགས་གདོན (Tibetan, Tibetan script, Original)
- > yi dwags gdon (Tibetan, Latin script, Transliteration-THL Extended Wylie Transliteration)
- > yidak dön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡི་དྭགས་ཞེས་པའི་ངེས་ཚིག་ནི་ལེགས་སྦྱར་སྐད་ཀྱི་པྲེ་ཏ་ཀའི་སྒྲ་ལས་དྲངས་པས། ཤིན་ཏུ་ཕྱིར་མི་ལྡོག་པར་སོང་བས་སམ་བཀྲེས་སྐོམ་གྱིས་ཤིན་ཏུ་ནོན་པས་ཡི་དྭགས་དང་། ཡང་ན་ཡིད་ལ་རྟག་ཏུ་ཟས་བཏགས་པས་ཡི་དྭགས་ཞེས་ཟེར་བ་དེ་སའི་འོག་ཏུ་དཔག་ཚད་ལྔ་བརྒྱའི་སར་གནས་ཤིང་། མིད་པ་ཁབ་མིག་ལྟར་ཕྲ་བ་དང་། ལྟོ་བ་ཆེ་བ། ཡན་ལག་ཤིན་ཏུ་ཕྲ་བ། རྟག་ཏུ་ཟས་སྐོམ་འཚོལ་ཞིང་བཀྲེས་སྐོམ་གྱིས་མནར་བ་ཞིག་གི་མིང་ཡིན་པས་དེས་གནོད་པ་གཏོང་བའི་ནད་ལ་ཡི་དྭགས་ཀྱི་གདོན་ཞེས་ཟེར་ཏེ། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཡི་དྭགས་གདོན་གྱིས་ཟིན་པའི་རྟགས། སྤྱོད་ཚུལ་དྲི་ནི་ཡི་དྭགས་འདྲ། འདར་ཞིང་ཟས་ལ་མི་དགའ་དང་། རྩད་གཅོད་བྱེད་པ་ཡིན་ཞེས་བྱ། ཞེས་གསུངས་སོ། །
- language:
- Tibetan