- yid 'jug bu ga
- ID:
- T243262
- ཡིད་འཇུག་བུ་ག (Tibetan, Tibetan script, Original)
- > yid 'jug bu ga (Tibetan, Latin script, Transliteration-THL Extended Wylie Transliteration)
- > yi juk buga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྣམ་ཤེས་ཚོགས་དྲུག་རྒྱུ་བའི་སྙིང་གི་བུ་ག་བཞིའམ་དྲུག་གི་ཡ་གྱལ་འོག་ཏུ་ཡིད་ཀྱི་རྣམ་ཤེས་རྒྱུ་བའི་བུ་གའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻཌཱུར་སྔོན་པོ་ལས། སྙིང་པད་མ་འདབ་བརྒྱད་ཀྱི་དབུས་སུ་རྩའི་རྒྱལ་པོ་ཨ་ཝ་དྷཱུ་ཏཱི་རྟ་རྔ་ཙམ་གནས། དེའི་ཚོགས་བཞིའི་རྩ་འདབ་བཞི་དང་སྟེང་འོག་གི་དྷཱུ་ཏཱི་གཉིས་ཏེ་དྲུག་གི་ནང་སྟོང་པར་གནས་པ་ལ་སྟེང་ལྗང་། འོག་སྔོ། ཤར་ནག ལྷོ་དམར། ནུབ་སེར། བྱང་དཀར་པོར་གནས་པའི་ཤར་མདུན་གྱི་འདབ་མར་རྣ་བའི་རྣམ་པར་ཤེས་པ་དང་། ལྷོ་གཡས་སུ་མིག་ནུབ་རྒྱབ་ཏུ་སྣ། བྱང་གཡོན་ལྕེ། སྟེང་གི་དྷཱུ་ཏཱི་ལུས། འོག་གི་དྷཱུ་ཏཱི་ཡིད་དེ་རྣམ་ཤེས་ཚོགས་དྲུག་རྒྱུ་ཞིང་གནས། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཡིད་འཇུག་བུ་ག་ནི། སྙིང་ལ་དྷཱུ་ཏཱི་སྟེང་འོག་གཉིས་དང་། ཤར་ལྷོ་ནུབ་བྱང་གི་བུ་ག་བཞི་ཡོད་པས་དེ་རྣམས་སུ་རྣམ་ཤེས་ཚོགས་དྲུག་རྒྱུ་བའི་ལམ་མམ་གནས་ཡིན་པས་འདིར་འོག་གི་དྷཱུ་ཏཱིའི་བུ་གའི་མིང་ངོ་། །ཞེས་གསུངས་སོ། །
- language:
- Tibetan