- yun nan lha khang
- ID:
- T243297
- ཡུན་ནན་ལྷ་ཁང (Tibetan, Tibetan script, Original)
- > yun nan lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > yün nen lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡུན་ནན་ལྷ་ཁང་ནི་ལྷ་ས་སྐྱིད་རས་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད། ལྷ་ཁང་དེ་ནི་སྔར་གྱི་རྒན་རབས་ཚོའི་བཤད་སྲོལ་ལ་དེ་སྔོན་ཡུན་ནན་ནས་ལག་རྩལ་པ་ཁག་གཅིག་ལྷ་སར་ཡོང་ནས་ཀོ་བ་བསྲེགས་ཏེ་མཐིལ་ཀོ་དང། རྒྱ་ཀོ་བཅས་བཟོ་བའི་ལག་རྩལ་དེ་དར་རྒྱས་སུ་ཕྱིན་པར་བརྟེན་བོད་ས་གནས་སྲིད་གཞུང་ནས་ལག་རྩལ་བསླབས་པའི་བྱས་རྗེས་ལ་ཡུན་ནན་ལྷ་ཁང་རྒྱག་སའི་ས་ཆ་དེ་སྤྲད་པ་དང། དེ་ནས་བཟུང་ཡུན་ནན་པ་ལྷ་སར་གཏན་སྡོད་ཚོང་རིགས་ཆེ་འབྲིང་ཆུང་གསུམ་མཉམ་རུབ་ཀྱིས་ལྷ་ཁང་གསར་རྒྱག་བྱས་པ་དེར་ཀོན་ཏིས་དང། གཞིས་བདག། སྦེའི་ཡོ་ལྷ་སྐུ་བཅས་ཡོད་པར་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་བར་ལྷ་གསོལ་བྱེད་མཁན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཡུན་ནན་ལྷ་ཁང་ནི་ལྷ་ས་སྐྱིད་རས་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད། ལྷ་ཁང་དེ་ནི་སྔར་གྱི་རྒན་རབས་ཚོའི་བཤད་སྲོལ་ལ་དེ་སྔོན་ཡུན་ནན་ནས་ལག་རྩལ་པ་ཁག་གཅིག་ལྷ་སར་ཡོང་ནས་ཀོ་བ་བསྲེགས་ཏེ་མཐིལ་ཀོ་དང་། རྒྱ་ཀོ་བཅས་བཟོ་བའི་ལག་རྩལ་དེ་དར་རྒྱས་སུ་ཕྱིན་པར་བརྟེན་བོད་ས་གནས་སྲིད་གཞུང་ནས་ལག་རྩལ་བསླབས་པའི་བྱས་རྗེས་ལ་ཡུན་ནན་ལྷ་ཁང་རྒྱ་སའི་ས་ཆ་དེ་སྤྲད་པ་དང་། དེ་ནས་བཟུང་ཡུན་ནན་པ་ལྷ་སར་གཏན་སྡོད་ཚོང་རིགས་ཆེ་འབྲིང་ཆུང་གསུམ་མཉམ་རུབ་ཀྱིས་ལྷ་ཁང་གསར་རྒྱག་བྱས་པ་དེར་ཀོན་ཏིས་དང་། གཞིས་བདག སྦེའི་ཡོ་ལྷ་སྐུ་བཅས་ཡོད་པར་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་བར་ལྷ་གསོལ་བྱེད་མཁན་ཡོད།
- language:
- Tibetan