Skip to main content Skip to search
yul gyi dbang ris rnam pa bco brgyad
ID:
T243317
  • ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད (Tibetan, Tibetan script, Original)
    • > yul gyi dbang ris rnam pa bco brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yul gyi wang ri nampa chobgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་པོའི་འོག་གི་བློན་པོ་དང། རུས་རྒྱུད་མི་འདྲ་བའི་དཔོན་རིགས་རྙིང་པ་རྣམས་ལ་ས་ཞིང་དང་བྲན་གཡོག་སྒེར་ལ་དབང་ཆོག་པར་བྱས་པ་ཞིག་སྟེ། དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ས་གནས་གཅིག་གྱུར་མ་བྱས་གོང་དུ་རུས་རྒྱུད་ཚོ་པ་ཁག་གི་དཔོན་རིགས་མང་པོས་ས་ཁུལ་དུམ་བུར་བགོས་ནས་དབང་བསྒྱུར་བྱས་ཏེ། ཕན་ཚུན་གཅིག་འོག་གཅིག་ལ་མི་འདུས་པའི་ནང་འཁྲུག་རྒྱུན་མི་ཆད་པ་བྱུང་བར་བརྟེན། རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་མ་ཐག་ཁོ་ཚོར་སྔར་ནས་དབང་བའི་ས་ཞིང་ནོར་ཕྱུགས་བྲན་གཡོག་སྒེར་བདག་གི་དབང་ཆ་འོས་འཚམས་ཤིག་རྒྱུན་འཛིན་བྱེད་དུ་མ་བཅུག་ན་ཁོ་ཚོས་སླར་ཡང་འཁྲུག་རྐྱེན་བསླང་སྲིད་པས་དེ་རིགས་སྔོན་འགོག་བྱེད་ཆེད་ཁོ་ཚོས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་བརྩི་སྲུང་དང། དུས་ཚད་ངེས་ཅན་གྱི་དཔྱ་ཁྲལ་མི་ཉུང་ཙམ་འབུལ་རྒྱུ་ཁས་ལེན་བྱེད་པའི་ཆ་རྐྱེན་འོག་ས་ཞིང་དང། ནོར་ཕྱུགས། བྲན་གཡོག་བཅས་སྒེར་བཟུང་གི་དབང་ཆ་འོས་འཚམ་ཞིག་སྤྲད་པ་མ་ཟད། གལ་ཏེ་ཁོ་ཚོས་བཙན་པོར་གྱེན་ལོག་གནོད་འཚེ་བྱེད་པ་དང། དཔོན་གཞན་འཚོལ་གྱི་ལྐོག་གཡོ་བཤམས་པ་སོགས་བྱས་པ་བྱུང་ན་ཁོ་ཚོས་སྒེར་བཟུང་བྱས་པ་ཚང་མ་སྲིད་གཞུང་གི་གཞུང་བཞེས་གཏོང་བའི་དབང་ཆ་ཡོད་པ་རེད། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་ཀྱི་ནང་ནས་དབུ་རུ་དང་ལྷོ་ཁའི་ཕོ་བྲང་ཉེ་འཁོར་གྱི་དབང་རིས་གཉིས་བཙན་པོའི་ཐད་གཏོགས་ཡིན་པ་དང། དེ་མིན་གྱི་ཁུལ་བཅུ་དྲུག་ནི་ཁུ་དང་གཉགས་ལ་སོགས་པའི་རུས་རྒྱུད་ཚོ་པ་ཉི་ཤུ་རྩ་ལྔ་སོ་སོས་སྒེར་བཟུང་བྱེད་པའི་ཡུལ་ཡིན་པར《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་གསལ་ཞིང་ཏུན་ཧོང་ནས་ཐོན་པའི་ཤིག་དྲིལ་ཡི་གེ་འགའ་ཞིག་གི་ནང་བློན་པོ་དང་རུས་རྒྱུད་ཚོ་པའི་དཔོན་རིགས་རྣམས་ཀྱིས་སྒེར་དབང་ས་ཁུལ་བྲན་གཡོག་དང་བཅས་པ་ཁོ་ཚོར་བྱས་ཉེས་མ་བྱུང་ན་ཕ་ཚ་བུ་རྒྱུད་ལ་འཇགས་ཆོག་པ་དང། གལ་ཏེ་ཉེས་ཁྲིམས་ཕོག་པའམ་མི་རྒྱུད་ཆད་ན་ས་ཞིང་དང་བྲན་གཡོག་སོགས་བཙན་པོས་ཕྱིར་ལེན་བྱེད་པའི་དབང་ཆ་ཡོད་པའི་དཔེ་མཚོན་ལོ་རྒྱུས་མང་པོ་འཁོད་ཡོད། མངའ་ཁོངས་ས་ཁུལ་བཅོ་བརྒྱད་ནི། ༡.དབུ་རུ་ཤོད་ཆེན། ༢.ཕོ་བྲང་སྣེ་ཆེན། ༣.ཡར་ལུང། ༤.འཆིང་ང། ༥.བྱ་འུག། ༦.བྲད་དང་ཞོང་པ། ༧.བྲག་རུམ་སྟོད་སྨད། ༨.གཙང་སྟོད་སྨད། ༩.ཀླུང་ཤོད་ནམ་པོ། ༡༠.འཕན་ཡུལ། ༡༡.ཉང་རོ་གྲམ་པ། ༡༢.ཤངས་དང་གླེ་ཕྱི། ༡༣.ཡུང་བ་ཆེ་ཆུང། ༡༤.ཞ་ག་སྡེ་གསུམ། ༡༥.ནམ་ར། ༡༦.ཆག་གོང། ༡༧.འདམ་ཤོད་དཀར་མོ། ༡༨.མདོ་ཁམས་བཅས་སོ། །

language:
Tibetan

2. Thupten Phuntsok Dictionary

རྒྱལ་པོའི་འོག་གི་བློན་པོ་དང་། རུས་རྒྱུད་མི་འདྲ་བའི་དཔོན་རིགས་རྙིང་པ་རྣམས་ལ་ས་ཞིང་དང་བྲན་གཡོག་སྒེར་ལ་དབང་ཆོག་པར་བྱས་པ་ཞིག་སྟེ། དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ས་གནས་གཅིག་གྱུར་མ་བྱས་གོང་དུ་རུས་རྒྱུད་ཚོ་པ་ཁག་གི་དཔོན་རིགས་མང་པོས་ས་ཁུལ་དུམ་བུར་བགོས་ནས་དབང་བསྒྱུར་བྱས་ཏེ། ཕན་ཚུན་གཅིག་འོག་གཅིག་ལ་མི་འདུས་པའི་ནང་འཁྲུག་རྒྱུན་མི་ཆད་པ་བྱུང་བར་བརྟེན། རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་མ་ཐག་ཁོ་ཚོར་སྔར་ནས་དབང་བའི་ཞིང་ནོར་ཕྱུགས་བྲན་གཡོག་སྒེར་བདག་གི་དབང་ཆ་འོས་འཚམས་ཤིག་རྒྱུན་འཛིན་བྱེད་དུ་མ་བཅུག་ན་ཁོ་ཚོས་སླར་ཡང་འཁྲུག་རྐྱེན་བསླང་སྲིད་པས་དེ་རིགས་སྔོན་འགོག་བྱེད་ཆེད་ཁོ་ཚོས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་བརྩི་སྲུང་དང་། དུས་ཚད་ངེས་ཅན་གྱི་དཔྱ་ཁྲལ་མི་ཉུང་ཙམ་འབུལ་རྒྱུ་ཁས་ལེན་བྱེད་པའི་ཆ་རྐྱེན་འོག་ས་ཞིང་དང་། ནོར་ཕྱུགས། བྲན་གཡོག་བཅས་སྒེར་བཟུང་གི་དབང་ཆ་འོས་འཚམ་ཞིག་སྤྲད་པ་མ་ཟད། གལ་ཏེ་ཁོ་ཚོས་བཙན་པོར་གྱེན་ལོག་གནོད་འཚེ་བྱེད་པ་དང་། དཔོན་གཞན་འཚོལ་གྱི་ལྐོག་གཡོ་བཤམས་པ་སོགས་བྱས་པ་བྱུང་ན་ཁོང་ཚོས་སྒེར་བཟུང་བྱས་པ་ཚང་མ་སྲིད་གཞུང་གིས་གཞུང་བཞེས་གཏོང་བའི་དབང་ཆ་ཡོད་པ་རེད། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་ཀྱི་ནང་ནས་དབུ་རུ་དང་ལྷོ་ཁའི་ཕོ་བྲང་ཉེ་འཁོར་གྱི་དབང་རིས་གཉིས་བཙན་པོའི་ཐད་གཏོགས་ཡིན་པ་དང་། དེ་མིན་གྱི་ཁུལ་བཅུ་དྲུག་ནི་ཁུ་དང་གཉགས་ལ་སོགས་པའི་རུས་རྒྱུད་ཚོ་པ་ཉི་ཤུ་རྩ་ལྔ་སོ་སོས་སྒེར་བཟུང་བྱེད་པའི་ཡུལ་ཡིན་པརཆོས་འབྱུང་མཁས་པའི་དགའ་སྟོན》ནང་གསལ་ཞིང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཡི་གེ་འགའ་ཞིག་གི་ནང་བློན་པོ་དང་རུས་རྒྱུད་ཚོ་པའི་དཔོན་རིགས་རྣམས་ཀྱིས་སྒེར་དབང་ས་ཁུལ་བྲན་གཡོག་དང་བཅས་པ་ཁོ་ཚོར་བྱས་ཉེས་མ་བྱུང་ན་ཕ་ཚ་བུ་རྒྱུད་ལ་འཇགས་ཆོག་པ་དང་། གལ་ཏེ་ཉེས་ཁྲིམས་ཕོག་པའམ་མི་རྒྱུད་ཆད་ན་ས་ཞིང་དང་བྲན་གཡོག་སོགས་བཙན་པོས་ཕྱིར་ལེན་བྱེད་པའི་དབང་ཆ་ཡོད་པའི་དཔེ་མཚོན་ལོ་རྒྱུས་མང་པོ་འཁོད་ཡོད། མངའ་ཁོངས་ས་ཁུལ་བཅོ་བརྒྱད་ནི། ༡ དབུ་རུ་ཤོད་ཆེན། ༢ ཕོ་བྲང་སྣེ་ཆེན། ༣ ཡར་ལུང་། ༤ འཆིང་ང་། ༥ བྱ་འུག ༦ བྲད་དང་ཞོང་པ། ༧ བྲག་རུམ་སྟོད་སྨད། ༨ གཙང་སྟོད་སྨད། ༩ ཀླུང་ཤོད་ནམ་པོ། ༡༠ འཕན་ཡུལ། ༡༡ ཉང་རོང་གྲམ་པ། ༡༢ ཤངས་དང་གླེ་ཕྱི། ༡༣ ཡུང་བ་ཆེ་ཆུང་། ༡༤ ཞ་ག་སྡེ་གསུམ། ༡༥ ནམ་ར། ༡༦ ཆག་གོང་། ༡༧ འདམ་ཤོད་དཀར་མོ། ༡༨ མདོ་ཁམས་བཅས་སོ། །

language:
Tibetan