Skip to main content Skip to search
yul thang po che
ID:
T243331
  • ཡུལ་ཐང་པོ་ཆེ (Tibetan, Tibetan script, Original)
    • > yul thang po che (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yul tangpo ché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལ་མིང་གཞན་སོལ་ནག་ཐང་པོ་ཆེ་ཡང་ཟེར། ལྷ་ས་ནས་རྩིས་པའི་ལྷོ་ཕྱོགས་ལྷོ་ཁར་མ་སླེབས་ཙམ་ལ་གྲྭ་ཕྱི་ནང་ཞེས་པའི་ལུང་པ་ཞིག་ཡོད་པ་དེར། སྔར་རྒྱལ་པོ་གླང་དར་མས་ཆོས་བསྣུབས་པའི་རྗེས་སུ་དབུས་གཙང་གི་མཁས་པ་མི་བཅུས་ཁམས་སུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་ལ་བསྙེན་རྫོགས་བྱས་ཏེ། བོད་དུ་འདུལ་བའི་ཆོས་རྒྱུན་སླར་ཡང་གསོ་བར་མཛད་པའི་ནང་ཚན་དབུས་པ་ལྔའི་གྲས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ། གྲུ་མེར་ཚུལ་ཁྲིམས་འབྱུང་གནས(འབྲུག་པ་ཆོས་འབྱུང་གི་ཤོག་གྲངས༡༧༡པར་གྲུ་མེར་ཡེ་ཤེས་འབྱུང་གནས་ཞེས་གསལ)ཀྱིས་བཏབ་པ་ཡིན་ཞེས་གསལ་ལ། དུས་སྐབས་ཇི་ཙམ་ལ་བཏབ་པ་ནི། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི《དེབ་ཐེར་སྔོན་པོ》ལེ་ཚན་གཉིས་པའི་ཤོག་གྲངས༡༢པར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་འཕན་པོ་རྒྱལ་ལུགས་ལྷས་ལྷ་ཁང(རྒྱལ་ལྷ་ཁང)བཏབ་ནས་ལོ་དྲུག་སོང་བའི་མེ་སྦྲུལ་ལོར་བཏབ་པར་གསུངས་ཤིང། ཁོང་དགུང་ལོ་བརྒྱད་ཅུ་གྱ་ལྔ་པ་རབ་བྱུང་དང་པོའི་ལྕགས་བྱ་ལོར་གཤེགས་ཞེས་འཇམ་དབྱངས་བཞད་པའི་བསྟན་རྩིས་རེའུ་མིག་ཏུ་གསལ་བ་དེ་གཉིས་བསྡུར་ན། ཐང་པོ་ཆེ་འདི་རབ་བྱུང་དང་པོ་མ་ཤར་གོང་གི་དྲུག་ཅུ་སྐོར་ཐ་མའི་ནང་ཚན་གྱི་མེ་སྦྲུལ(༡༠༡༧)ལོར་བཏབ་པར་གསལ། འདི་སྔར་བོད་དུ་བཀའ་གདམས་ཀྱི་ཆོས་བརྒྱུད་མ་བྱུང་གོང་གི་མཚན་ཉིད་པའི་སྡེ་དགོན་ཤིན་ཏུ་ཆེ་བའི་གྲས་ཡིན་ལ། གྲུ་མེར་གཤེགས་རྗེས་དེའི་སློབ་མ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་གདན་ས་བསྐྱངས་སྐབས། ཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

འདི་ལ་མིང་གཞན་སོལ་ནག་ཐང་པོ་ཆེ་ཡང་ཟེར། ལྷ་ས་ནས་རྩིས་པའི་ལྷོ་ཕྱོགས་ལྷོ་ཁར་མ་སླེབས་ཙམ་ལ་གྲྭ་ཕྱི་ནང་ཞེས་པའི་ལུང་པ་ཞིག་ཡོད་པ་དེར། སྔར་རྒྱལ་པོ་གླང་དར་མས་ཆོས་བསྣུབས་པའི་རྗེས་སུ་དབུས་གཙང་གི་མཁས་པ་མི་བཅུས་ཁམས་སུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་ལ་བསྙེན་རྫོགས་བྱས་ཏེ། བོད་དུ་འདུལ་བའི་ཆོས་རྒྱུན་སླར་ཡང་གསོ་བར་མཛད་པའི་ནང་ཚན་དབུས་པ་ལྔའི་གྲས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ། གྲུ་མེར་ཚུལ་ཁྲིམས་འབྱུང་གནས (འབྲུག་པ་ཆོས་འབྱུང་གི་ཤོག་གྲངས༡༧༡པར་གྲུ་མེར་ཡེ་ཤེས་འབྱུང་གནས་ཞེས་གསལ) ཀྱིས་བཏབ་པ་ཡིན་ཞེས་གསལ་ལ། དུས་སྐབས་ཇི་ཙམ་ལ་བཏབ་པ་ནི། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའིདེབ་ཐེར་སྔོན་པོ》ལེ་ཚན་གཉིས་པའི་ཤོག་གྲངས༡༢པར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་འཕན་པོ་རྒྱལ་ལུགས་ལྷས་ལྷ་ཁང (རྒྱལ་ལྷ་ཁང) བཏབ་ནས་ལོ་དྲུག་སོང་བའི་མེ་སྦྲུལ་ལོར་བཏབ་པར་གསུངས་ཤིང་། ཁོང་དགུང་ལོ་བརྒྱད་ཅུ་གྱ་ལྔ་པ་རབ་བྱུང་དང་པོའི་ལྕགས་བྱ་ལོར་གཤེགས་ཞེས་འཇམ་དབྱངས་བཞད་པའི་བསྟན་རྩིས་རེའུ་མིག་ཏུ་གསལ་བ་དེ་གཉིས་བསྡུར་ན། ཐང་པོ་ཆེ་འདི་རབ་བྱུང་དང་པོ་མ་ཤར་གོང་གི་དྲུག་ཅུ་སྐོར་ཐ་མའི་ནང་ཚན་གྱི་མེ་སྦྲུལ་སྤྱི་ལོ (༡༠༡༧) ལོར་བཏབ་པར་གསལ། འདི་སྔར་བོད་དུ་བཀའ་གདམས་ཀྱི་ཆོས་བརྒྱུད་མ་བྱུང་གོང་གི་མཚན་ཉིད་པའི་སྡེ་དགོན་ཤིན་ཏུ་ཆེ་བའི་གྲས་ཡིན་ལ། གྲུ་མེར་གཤེགས་རྗེས་དེའི་སློབ་མ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་གདན་ས་བསྐྱངས་སྐབས། ཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་པ་ཡིན།

language:
Tibetan