Skip to main content Skip to search
yul dus rang bzhin 'dres pa
ID:
T243333
  • ཡུལ་དུས་རང་བཞིན་འདྲེས་པ (Tibetan, Tibetan script, Original)
    • > yul dus rang bzhin 'dres pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yul dü rangshyin drepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཞི་གཅིག་ལ་གནས་དང་དུས་ངོ་བོ་བཅས་ལྡོག་པའི་ཁྱད་པར་སོ་སོར་ཡོད་པ། དཔེར་ན་ཡུལ་བུམ་པ་ལྟ་བུ་ཤར་ནུབ་གཉིས་ཀ་ན་ཡོད་ཀྱང་ཤར་ལ་ཡོད་པའི་ཆ་དེ་ནི་ནི་ནུབ་ལ་ཡོད་པ་མིན་ལ་ནུབ་ལ་ཡོད་པའི་ཆ་དེ་ཤར་ལ་ཡོད་པ་མ་ཡིན་པ་ནི་ཡུལ་མ་འདྲེས་པའི་དོན་དང་། བུམ་པ་དེ་སྔ་དྲོ་ཕྱི་དྲོ་གཉིས་ཀ་ན་ཡོད་ཀྱང་བུམ་པ་སྔ་དྲོ་ཡོད་པའི་ཆ་དེ་ཉིད་ཕྱི་དྲོ་ཡོད་པ་མ་ཡིན་པ་ནི་དུས་མ་འདྲེས་པའི་དོན་དང་། བུམ་པ་དེ་གསེར་བུམ་ཟངས་བུམ་གཉིས་ཀལ་རྗེས་སུ་སོང་བ་ཡིན་ཀྱང་གསེར་བུམ་ལ་རྗེས་སུ་སོང་བའི་ཆ་ད་ཉིད་ཟངས་བུམ་ལ་རྗེས་སུ་སོང་བ་མ་ཡིན་པ་དང་ཟངས་བུམ་ལ་རྗེས་སུ་སོང་བའི་ཆ་དེ་ཉིད་གསེར་བུམ་ལ་རྗེས་སུ་མ་སོང་པ་ནི། རང་བཞིན་མ་འདྲེས་པའི་དོན་ཡིན།

language:
Tibetan