Skip to main content Skip to search
yul phyogs mtshon pa'i sgyu rtsal
ID:
T243339
  • ཡུལ་ཕྱོགས་མཚོན་པའི་སྒྱུ་རྩལ (Tibetan, Tibetan script, Original)
    • > yul phyogs mtshon pa'i sgyu rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yul chok tsönpé gyutsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྒྱུ་རྩལ་དེ་ཉིད་བྱུང་སའི་ས་ཁུལ་ལམ་ཡུལ་ཕྱོགས་ཀྱི་གོམས་སྲོལ་མཚོན་པའི་བརྗོད་བྱའི་སྒྱུ་རྩལ་ལ་ཟེར། དེས་ས་གནས་ཀྱི་ཡུལ་ལྗོངས་དང་། ཉམས་འགྱུར། དམིགས་བསལ་གྱི་གོམས་སྲོལ་སོགས་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱས་ཡོད། དེ་བཞིན་སྒྱུ་རྩལ་གྱི་བརྩམ་བྱར་ས་གནས་ཀྱི་ངོ་བོ་དང་། ས་གནས་དེ་གའི་སྤྱི་ཚོགས་ཀྱི་འཚོ་བ་གསོན་ཉམས་དོད་པོས་མཚོན་པར་བྱེད་པ་དེར་ས་གནས་ཀྱི་ཉམས་འགྱུར་ཡང་ཟེར།

language:
Tibetan