- ye 'brog sum brgya drug cu
- ID:
- T243373
- ཡེ་འབྲོག་སུམ་བརྒྱ་དྲུག་ཅུ (Tibetan, Tibetan script, Original)
- > ye 'brog sum brgya drug cu (Tibetan, Latin script, Transliteration-THL Extended Wylie Transliteration)
- > yé drok sumgya drukchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལུས་ཀྱི་རྩ་ཕྲན་སུམ་བརྒྱ་དྲུག་ཅུ་ལས་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཞི་མཐུན་སུམ་བརྒྱ་དྲུག་ཅུ་རང་ཆས་སུ་ཡོད་པར་བཤད་པས་དེ་དག་གི་བསྡུས་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ནི། ལུས་འདིར་འདྲེས་པའི་རྩ་ཕྲན་ལས་གྱེས་ཕྱི་ནང་བར་གསུམ་སུམ་བརྒྱ་ཉི་ཤུ་སྟེ་རྩ་ཕྲན་སུམ་བརྒྱ་དྲུག་ཅུར་བཤད་པ་དེ་དང་ཆ་མཐུན་པར་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་འགྲེལ་པ་དང་བཅས་པ་ལས། ཚེས་རྩ་སུམ་བརྒྱ་དྲུག་ཅུར་བཤད་ཅིང་། དེ་དག་ལ་དོན་དམ་སྒྲིབ་བྲལ་གྱི་དབང་གིས་རྩ་རེ་ལ་ལྷག་པའི་ལྷའི་ས་བོན་གྱི་ཡི་གེ་སུམ་བརྒྱ་དྲུག་ཅུར་བརྟེན་ཚེས་ལྷ་སུམ་བརྒྱ་དྲུག་ཅུར་དག་པར་བཤད་པ་དང་། གློ་བུར་སྒྲིབ་བཅས་ལས་ཉོན་གྱི་དབང་གིས་ཡིད་དངངས་པ་ལ་སོགས་པའི་ཡིད་དུ་མི་བདེ་བ་སྟེར་བའི་ཡེ་འབྲོག་སུམ་བརྒྱ་དྲུག་ཅུར་བཤད་ལ། དོན་དམ་རྩ་ཕྲན་སུམ་བརྒྱ་དྲུག་ཅུ་ལས་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཞི་མཐུན་སུམ་བརྒྱ་དྲུག་ཅུ་ཡོད་པ་དེ་ཡེ་འབྲོག་ཡིན། ཞེས་གསུངས་པ་ལྟར་རོ།
- language:
- Tibetan