- ye shes shes rab
- ID:
- T243382
- ཡེ་ཤེས་ཤེས་རབ (Tibetan, Tibetan script, Original)
- > ye shes shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
- > yeshe sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གྲགས་ཅན་ཀྱི་སྒྱུ་རྩལ་པ་ཞིག་ཡིན། སྤྱི་ལོ་༡༩༢༧ལོར་འཕན་ཡུལ་ཞོག་ཁུལ་དུ་སྐུ་འཁྲུངས། དགུང་གྲངས་བཅུ་གཅིག་ལ་བྱོན་སྐབས་འབྲས་སྤུངས་དགོན་དུ་ཚོགས་བཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཞོལ། ཆབས་ཅིག་བྲིས་འབུར་གྱི་སྒྱུ་རྩལ་ལའང་སློབ་སྦྱོང་གནད་སྨིན་མཛད་དེ་མཁས་པའི་གྲགས་པ་རྒྱས། སྤྱི་ལོ་༡༩༥༩ལོར་བོད་ལྗོངས་ཚགས་པར་ལས་ཁུངས་ཀྱི་མཛེས་རྩལ་རྩོམ་སྒྲིག་པའི་ཐུགས་འགན་བཞེས། ཁོང་ནི་བྲིས་འབུར་གཉིས་ཀའི་ཕྱག་རྩལ་ལ་འགྲན་ཟླ་བྲལ་ཞིང་། རི་མོའི་བརྩམ་བྱར་མཚོན་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སེ་ཆེན་རྒྱལ་པོ་གཉིས་མཇལ་འཕྲད་གནང་བ་ཞེས་པ་དང་། འབུར་གྱི་བརྩམ་བྱ་ནི་བྲག་ཡེར་པའི་རྒྱལ་བ་བྱམས་པ་ཐོག་བརྩེགས་གསུམ་ལྡན་གྱི་སྣང་བརྙན་ལྟ་བུའོ། །
- language:
- Tibetan