Skip to main content Skip to search
yer pa'i dkar chag
ID:
T243389
  • ཡེར་པའི་དཀར་ཆག (Tibetan, Tibetan script, Original)
    • > yer pa'i dkar chag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yerpé kar chak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བྲག་ཡེར་པའི་གཙུག་ལག་ཁང་གི་ལོ་རྒྱུས་དང། ལྷ་ཁང་ནང་གི་རྟེན་གསུམ་བཅས་བྱུང་ཚུལ་བཤད་པའི་དཔེ་ཆའི་མིང། 《ཡེར་པའི་དཀར་ཆག》འདི་ལ་མི་འདྲ་བ་ཁ་ཤས་ཡོད་པ་སྟེ། ལ་སྟོད་པ་དམ་པ་དམར་པོས་གཏེར་ནས་བཏོན་པའི་《ཡེར་པའི་དཀར་ཆག》དང། བླ་མ་ཟངས་རི་བས་བྲག་ཡེར་པ་ཉམས་གསོ་གནང་སྐབས་སྤེའུ་སེར་པོའི་ནང་ནས་ཐོན་པའི《ཡེར་པའི་དཀར་ཆག》《ཡེར་པའི་དཀར་ཆག་་ལྷ་ལུང་དཔལ་རྡོར་མ》《ཡེར་པའི་དཀར་ཆག་བསྟན་པ་རྒྱས་བྱེད》བཅས་ཡོད་པའི་ནང་ནས། དཀར་ཆག་དང་པོ་དང་གཉིས་པའི་ནང་གི་ལོ་རྒྱུས་དུམ་བུ་འགའ་ཞིག《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་དྲངས་འདུག།

language:
Tibetan

2. Thupten Phuntsok Dictionary

བྲག་ཡེར་པའི་གཙུག་ལག་ཁང་གི་ལོ་རྒྱུས་དང་། ལྷ་ཁང་ནང་གི་རྟེན་གསུམ་བཅས་བྱུང་ཚུལ་བཤད་པའི་དཔེ་ཆའི་མིང་། ཡེར་པའི་དཀར་ཆག འདི་ལ་མི་འདྲ་བ་ཁ་ཤས་ཡོད་པ་སྟེ། ལ་སྟོད་པ་དམ་པ་དམར་པོས་གཏེར་ནས་བཏོན་པའི་ཡེར་པའི་དཀར་ཆག་དང་། བླ་མ་ཟངས་རི་བས་བྲག་ཡེར་པ་ཉམས་གསོ་གནང་སྐབས་སྤེའུ་སེར་པོའི་ནང་ནས་ཐོན་པའི་ཡེར་པའི་དཀར་ཆག་ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་ཡེར་པའི་དཀར་ཆག་བསྟན་པ་རྒྱས་བྱེད་བཅས་ཡོད་པའི་ནང་ནས། དཀར་ཆག་དང་པོ་དང་གཉིས་པའི་ནང་གི་ལོ་རྒྱུས་དུམ་བུ་འགའ་ཞིག་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་དྲངས་འདུག

language:
Tibetan